ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་གི་ཞིང་བས་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

LOCAL1664154040205WH549LGR5X (1).jpg

སྟོན་ཁའི་རྫོགས་ལྡན་དུས་ཚིགས་སྐབས་སུ། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་རིགས་སོ་སོའི་ལྗང་མདོག་སྐྱེ་ལྡན་ཞིང་ལས་སྐྱེ་དངོས་ལ་ལོ་ལེགས་བྱུང་ཞིང་། ཁྱད་ལྡན་སིལ་ཏོག་དང་སྔོ་ཚལ་ཚོར་རར་འདོན་པར་དམ་འཛིན་བྱས་ཏེ། ཞིང་བ་རྣམས་ཀྱིས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བའི་ཚུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བར་བསུ་མ་བྱེད་བཞིན་ཡོད། ད་ལོར། ཧུའུ་ཀྲུའུ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱེད་པ་དམིགས་འབེན་དུ་བཟུང་ནས། ནུས་ཤུགས་ཡོད་རྒུས་རྒྱ་ཙོང་དང་ཚོད་དཀར། ཡིའུ་ཚལ། ཧེ་ལན་སྲན་མ། སྒོག་མྱུག ལུག་གྲོད་ཤ་མོ་སོགས་ཁྱད་ལྡན་སྔོ་ཚལ་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། རིགས་སོ་སོའི་སྔོ་ཚལ་གྱི་འདེབས་འཛུགས་གཞི་ཁྱོན་སྤྱི་ཆིང4833ལ་སླེབས་པ་དང་། ཚོད་རྩིས་ལྟར་ན་ལྗང་མདོག་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཏུན་ཁྲི6ཕྱིར་གཏོང་བྱེད་ཐུབ་པ་དང་། ཐོན་ཚད་སྒོར་དུང་ཕྱུར6ལ་བསླེབ་རྩིས་ཡོད། མིག་སྔར་ཧུའུ་ཀྲུའུ་རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར43ལ་སླེབས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།