ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཁྲང་ཞིང་གིས་མགོ་འཛིན་མཛད་དེ་སྲིད་གྲོས་ཀྱི་གཙོ་གནད་གྲོས་འདོན་ལྟ་སྐུལ་ཐག་གཅོད་གྲོས་མོལ་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཁྲང་ཞིང་གིས་སྲིད་གྲོས་ཀྱི་གཙོ་གནད་གྲོས་འདོན་ལྟ་སྐུལ་ཐག་གཅོད་གྲོས་མོལ་ཚོགས་འདུའི་སྟེང་སེམས་ཞིབ་མོ་དང་བརྩེ་བ་ཟབ་མོ། སྟོབས་ཤུགས་ཆེན་པོས་གྲོས་འདོན་བྱ་བ་ལེགས་པར་བསྒྲུབས་ཏེ། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་སྐྲུན་པར་ཇེ་མགྱོགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་མཛད་དེ་སྲིད་གྲོས་ཀྱི་གཙོ་གནད་གྲོས་འདོན་ལྟ་སྐུལ་གྲོས་མོལ་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོས་གཞི་ཐག་གཅོད་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་མོ་བྱེད་པ་དང་། སེམས་ཞིབ་མོ་དང་བརྩེ་བ་ཟབ་མོ། སྟོབས་ཤུགས་ཆེན་པོས་གྲོས་འདོན་བྱ་བ་ལེགས་པར་བསྒྲུབས་ཏེ། ཏང་དང་ཚོགས་པ། ལས་རིགས། ཨུ་ཡོན་སོ་སོས་འགན་འཁྲི་ལག་བསྟར་བྱས་པའི་གྲུབ་འབྲས་གང་ལེགས་སྒོས་མཚོན་པར་བྱེད་པ་དང་། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་བསྐྲུན་པ་ཇེ་མགྱོགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཏང་སྲིད་མགོ་ཁྲིད་པས་མགོ་དྲངས་ཏེ་གཙོ་གནད་གྲོས་གཞི་ལྟ་སྐུལ་ཐག་གཅོད་བྱེད་པ་ནི་ཏང་གིས་ཆབ་སྲིད་གྲོས་མོལ་བྱ་བར་མགོ་ཁྲིད་པར་ཤུགས་སྣོན་པ་དང་ཆབ་སྲིད་གྲོས་མོལ་བྱ་བའི་ཆུ་ཚད་མཐོར་འདེགས་པའི་ལག་ལེན་དངོས་ཡིན། ཞིན་ཁྲང་ཞིང་གིས་ད་ལོའི་ཀྲུང་གོ་བཟོ་ཞིང་དམངས་གཙོ་ཏང་གིས་སྤྲད་པའི་རང་ཞིང་གི་དག་གཙང་ནུས་ཁུངས་རང་ས་གནས་སུ་འཛད་སྤྱོད་ནུས་པ་མཐོར་འདེགས་སྐོར་གྱི་གྲོས་གཞི་ལ་ལྟ་སྐུལ་ཐག་གཅོད་བྱས། གྲོས་གཞི་ཐག་གཅོད་གནས་ཚུལ་དང་གྲོས་གཞི་འདོན་མཁན་གྱི་འཐུས་ཚབ་དང་ཆེད་མཁས་པ། ཤེས་ཡོན་ཅན་གྱི་བསམ་འཆར་དང་བསམ་ཚུལ་ལ་ཞིབ་མོར་མཉན་རྗེས། ཞིན་ཁྲང་ཞིང་གིས་གྲོས་གཞི་འདི་ནི་མཚོ་སྔོན་གྱི་ཐོན་ཁུངས་ལ་རྐང་བཙུགས་ཏེ་ལྷད་མེད་འཕེལ་རྒྱས་ལ་དམིགས་ཤིང་ཁྱོན་ཡོངས་ཀྱི་ལྟ་བ་མངའ་ལ། ཁ་གཏད་རང་བཞིན་དྲག་པོ་ལྡན། གྲོས་གཞི་ཐག་གཅོད་པ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ལངས་གནས་ཇེ་མཐོར་གཏོང་བ་དང་སྲིད་གྲོས་ཀྱིས་འགན་ནུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པ། ཐག་གཅོད་འགན་འཁྲི་དངོས་འབེབས་བྱེད་པ། ལྟ་སྐུལ་ཐག་གཅོད་བྱེད་ཤུགས་ལ་ཤུགས་སྣོན་པ། ལམ་སྲོལ་འགན་སྲུང་ནུས་པ་ཇེ་ཆེར་གཏོང་བ། ཐག་གཅོད་ཀྱི་སྤུས་ཚད་ཕན་འབྲས་མཐོར་འདེགས་པ། གྲོས་གཞི་ཐག་གཅོད་ལེགས་པོ་བྱེད་པར་མ་ཟད་བྱ་བར་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་གྲོས་གཞི་ཐག་གཅོད་ནན་མོ་བྱེད་པ་དང་གྲུབ་འབྲས་ལེགས་པོ་ཐོབ་པར་འབད་དགོས་ཞེས་བསྟན། 

ཞིན་ཁྲང་ཞིང་གིས་དག་གཙང་ནུས་ཁུངས་ནི་མཚོ་སྔོན་གྱི་དགེ་མཚན་ལྡན་པའི་ཐོན་ཁུངས་ཡིན་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཤུགས་འདོན་ས་དང་གཞི་འཛིན་སའང་ཡིན། དག་གཙང་ནུས་ཁུངས་རང་ས་གནས་སུ་འཛད་སྤྱོད་བྱེད་པར་འཕྲད་པའི་གནད་འགག་དང་གོ་སྐབས་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་ཏེ། རང་ས་གནས་སུ་འཛད་སྤྱོད་ནུས་པ་མཐོར་འདེགས་པར་ངོས་འཛིན་གསལ་པོ་བྱེད་པ་ནི་འཕྲལ་དུ་བསྒྲུབ་དགོས་པའི་ལས་འགན་ཞིག་ཡིན་པ་དང་། གོ་རིམ་རང་བཞིན་དང་དུས་སྐབས་རང་བཞིན་ལྡན་པའི་གནད་དོན་ཞིག་ཡིན། མཚོ་སྔོན་དུ་ཧ་ཅང་གལ་ཆེ་བའི་ཐོན་ཁུངས་ནུས་ཁུངས་བདེ་འཇགས་ཀྱི་གོ་གནས་ལ་རྐང་བཙུགས་ཏེ། ཁ་ཤས་དང་ཁྱོན་ཡོངས། དེང་སྐབས་དང་ཡུན་རིང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ལེགས་པོ་བྱེད་པ་དང་། དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་འཇོག་དང་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ལ་བསམ་གཞིགས་གཏོང་བ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་མིག་མདུན་གྱི་བྱ་བ་ལེགས་པར་བསྒྲུབ་པ། ཡུན་རིང་ལ་འཆར་འགོད་བྱེད་་དགོས་པར་མ་ཟད། གློག་ཁུངས་དང་གློག་དྲ། གློག་ཤུགས་ཐེག་ཚད་དང་གསོག་ནུས་སྒྲིག་གཞི་ལེགས་སྒྱུར་དང་ལེགས་སྒྲིག་བྱེད་པ་ནས་མགོ་བཟུང་སྟེ། དག་གཙང་ནུས་ཁུངས་བདེ་འཇགས་དང་ནུས་ལྡན། རྒྱུན་མཐུད་སྒོས་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། དག་གཙང་ནུས་ཁུངས་ཀྱིས་ཐོན་ལས་འཕེལ་རྒྱས་ལ་འདེགས་ཤུགས་ནུས་པ་འདོན་པར་ཤུགས་སྣོན་པ་དང་། རྣམ་པ་གསར་པའི་གློག་ཤུགས་ཁོངས་གཏོགས་དང་ཐཱན་མེད་ཐོན་ལས་གླིང་འཛུགས་སྐྲུན་བྱེད་པར་བརྟེན་ནས།  ལྷད་མེད་འཕེལ་རྒྱས་དང་སྐྱེ་ཁམས་མཛའ་མཐུན་གྱི་བླང་བྱ་དང་མཐུན་པའི་དག་གཙང་ནུས་ཁུངས་རང་ས་གནས་སུ་འཛད་སྤྱོད་བྱེད་པའི་ལས་གཞི་སྐོར་ཞིག་གདམ་གསེས་བྱེད་དགོས། ཤར་གྲངས་ནུབ་རྩིས་དང་ཤར་གྲངས་ནུབ་གསོག་གི་གོ་སྐབས་ལེགས་པོ་དམ་འཛིན་བྱས་ཏེ། གཞི་གྲངས་ཆེན་པོའི་ཐོན་ལས་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། ལྷད་མེད་ཐཱན་ཉུང་འཁོར་རྒྱུག་གི་དེང་རབས་ཐོན་ལས་མ་ལག་གསར་སྐྲུན་བྱེད་དགོས། ནུས་ཁུངས་གསར་པའི་ལག་རྩལ་ཞིབ་འཇུག་ལ་ཡིད་འཇོག་ཆེན་པོ་བྱས་ཏེ། ནུས་མང་ཁ་གསབ་དང་རིག་ནུས་གློག་དྲ། གསོག་ནུས་སོགས་གནད་འགག་ལག་རྩལ་གྱི་འགག་གནད་སྒྲོལ་ཐབས་བྱས་ནས། ཚན་རྩལ་གསར་སྐྲུན་གྱིས་དག་གཙང་ནུས་ཁུངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས་ཞེས་ནན་གྱིས་གསུངས། 

ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ཝེ་ཏུང་དང་ཀྲུའུ་ཞང་ཧྥིན། མཱ་ཅི་ཞའོ། ཝང་ཞོན་སོགས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།