ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞི་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱི་མངགས་བཅོལ་ལྟར། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་མཱ་ཅི་ཞའོ་ཡིས་མགོ་འཛིན་བྱས་ཏེ་སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་གྲོས་ཚོགས་ཐེངས95པ་དང་ཀྲུའུ་ཞི་གྲོས་ཚོགས་ཐེངས83པ་བསྡུས། 

གྲོས་ཚོགས་ཀྱིས《ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་ལུགས་གླེང་བའི》པོད་བཞི་བའི་འབྲེལ་ཡོད་དཀར་ཆག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལའོ་ཉིང་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་གཙོ་འཛིན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས22པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། བོད་ལྗོངས་ཁ་གཏད་རོགས་སྐྱོར་ཐེངས་གསུམ་པའི་གྲོས་ཚོགས་ཀྱི་དགོངས་དོན། དེ་མིན《སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་སྡེ་ཁག་ཏུ་སྡོད་པའི་བྱ་བའི་གཏན་སྲོལ》ལ་སློབ་སྦྱོང་བྱས། 

གྲོས་ཚོགས་ལས། 《ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་ལུགས་གླེང་བའི》པོད་བཞི་བ་དང་སྔོན་གྱི་པོད་གསུམ་པ་གཉིས་སྦྲེལ་ཏེ་བསླབ་ནས། སྲིད་གྲོས་མ་ལག་གི་ཏང་ཡོན་ལས་བྱེད་པའི་གཞུང་ལུགས་སྤུས་ཚད་དང་བསམ་བློའི་གོ་རྟོགས་མཐོ་རུ་བཏང་ནས། ཆེད་དོན་གྲོས་མོལ་སྡེ་ཁག་གི་བྱེད་ནུས་འདོན་སྤེལ་ལེགས་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལའོ་ཉིང་དུ་རྟོག་ཞིབ་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དང་ཟུང་འབྲེལ་བྱས་ནས། སློབ་སྦྱོང་ལ་སྐུལ་འདེད་བཏང་སྟེ། སྲིད་གྲོས་ཀྱི་སྤུས་ཚད་མཐོ་བའི་འགན་ནུས་ལག་བསྟར་ཐད་བསམ་བློའི་གཞུང་ལུགས་འགན་སྲུང་མཁོ་འདོན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིའི་རིགས་ལས་དབང་གཅིག་མཐུན་ཚོགས་པ་དང་། མཉམ་དུ་“རྒྱུད་གཅིག་ལམ་གཅིག”གྲོས་གཞི་དང་། བོད་ལྗོངས་ཁ་གཏད་རོགས་སྐྱོར་བྱ་བའི་དོན་སྙིང་གལ་ཆེན་ལ་ངེས་ཤེས་ཟབ་མོ་ཡོད་པར་བྱས་ནས། རང་ཞིང་གི་ཞིང་ཆེན་གནས་ཚུལ་དང་སྲིད་གྲོས་བྱ་བའི་ཁྱད་ཆོས་ལ་རྐང་བཙུགས་ཏེ། ཨུ་ཡོན་གྱི་དགེ་མཚན་འདོན་སྤེལ་བྱས་ནས། བློ་གྲོས་ཀྱི་རྩལ་དང་དངོས་གཉེར་གྱི་བྱེད་སྟངས་འབུལ་དགོས་ཞེས་བསྟན། 

གྲོས་ཚོགས་ཀྱིས་ད་དུང་ཞིང་ལྗོངས5ཡི་སྲིད་གྲོས་ལ་རམ་འདེགས་བྱས་ཏེ་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་འཛུགས་སྐྲུན་གྱི་མཉམ་འབྲེལ་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པའི་གནས་ཚུལ་ཡར་ཞུར་ཉན་པ་དང་། འབྲེལ་ཡོད་རྟོག་ཞིབ་སྙན་ཞུ་དང་འབྲེལ་ཡོད་མི་དོན་ལས་དོན་ལ་གྲོས་ཞིབ་བྱས།

རིན་ཆེན་རྣམ་རྒྱལ་དང་ཏུའུ་ཅའེ། ཀྲང་ལི། ཀྲང་ཝུན་ཁོས། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། ཀྲང་ཞའོ་རོང་། མཱ་ཧྥིན་ཧྲིན། ཕིན་ཡིའུ་ཏུང་། ལིའུ་ཏཱ་ཡའེ་གྲོས་ཚོགས་སུ་ཞུགས། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།