ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་བརྗེ་རེས་བཞུགས་མོལ་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས21ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་བརྗེ་རེས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་གཅིག་བསྡུས་ཉམས་མྱོང་སྒྲུབ་ཐབས་བརྗེ་རེས་སྤྱི་བསྡོམས་བྱས་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་དབྱང་གིས་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་གྱིས་མགོ་འཛིན་བྱས། 

ཝང་དབྱང་གིས་བསྟན་དོན། གཅིག་བསྡུས་སྒོས་བྱ་འགུལ་སྤེལ་བའི་རིང་ལ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱེད་སྟངས་གཉིས་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་སྟེང་ཐོན་པར་བྱས་ཏེ། ཆེད་སྒྲུབ་དང་བྱེད་ཐབས་ཞིབ་ཚགས། གནད་དོན་རྩད་ཞིབ། བཅོས་སྐྱོང་དོན་འཁྱོལ་བྱས། གྲོང་ཁྱེར་དང་ཁུལ་ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས་ཀྱིས་སྤྱོད་སྟངས་འཛུགས་སྐྲུན་དེ་བྱ་བའི་དཀྱིལ་སྙིང་དུ་སྦྲེལ་ཏེ། བྱ་བ་དོན་འཁྱོལ་ཁྲོད་ཀྱི་སྤྱོད་ཚུལ་གནད་དོན་ཐག་གཅོད་ལ་སྐུལ་འདེད་བཏང་ནས། གཅིག་བསྡུས་འགུལ་སྐྱོད་ཁྲོད་དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས་ཡོད་ཅེས་བསྟན། 

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཉམས་མྱོང་སྤྱི་བསྡོམས་ལེགས་སྒྲིག་དང་། བྱེད་སྟངས་ཞིབ་ཚགས་སུ་གཏོང་བར་སྐུལ་འདེད་བཏང་ནས། དྲང་ཕྱོགས་སྐུལ་ལྕག་དང་ལྡོག་ཕྱོགས་འགོག་རྒོལ་ཟུང་འབྲེལ་སྒོས་དམ་འཛིན་བྱས་ཏེ། གནད་དོན་ནས་དམ་འཛིན་བྱས་ཏེ་བྱ་བ་སྤྱི་ཡོངས་དམ་འཛིན་བྱེད་པ་དང་། སློབ་པའི་ཞོར་ནས་རྩད་ཞིབ་དང་། བཅོས་སྐྱོང་བྱེད་པའི་ཞོར་ནས་གཅིག་བསྡུས་སྒོས་དམ་འཛིན་བྱེད་དགོས། གཙོ་གནད་ཁོང་དུ་ཆུད་པར་བྱེད་པ་དང་། གནད་དོན་ཐག་གཅོད་ཐད་གནད་དུ་ཁེལ་བར་སྐུལ་འདེད་བཏང་ནས། གོང་འོག་མཉམ་འབྲེལ་སྒོས་གནད་དོན་བཅོས་སྐྱོང་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་གནད་དོན་བཅོས་སྐྱོང་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་སྒོས“ལས་རིགས”གནད་དོན་བཅོས་སྐྱོང་བྱེད་དགོས། འཐབ་ཇུས་གཏན་ཤུགས་རྒྱུན་འཁྱོངས་དང་། སྤྱོད་ཚུལ་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བཏང་ནས། གཏན་འཇགས་ཁྲོད་ཡར་སྐུལ་དང་། ཁྱོན་ཡོངས་ནས་གཟབ་ནན། གོང་འོག་སྣེ་ཁྲིད་དང་ལས་འགན་གཟབ་ནན་བྱས་ཏེ། རྣམ་འགྱུར་ལེགས་པོ་དང་བྱ་བའི་སྤྱོད་སྟངས་ལེགས་པོས། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས་ཞེས་བསྟན། 

གྲོས་ཚོགས་བརྙན་རིས་ཀྱི་རྣམ་པའི་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་སྒྲིག་བཀོད་བྱས་ཤིང་། གྲོང་ཁྱེར་དང(ཁུལ)རྫོང(གྲོང་ཁྱེར་དང་ཆུའུ)དུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས། གྲོས་ཚོགས་ཀྱིས་ཡིག་ངོས་ནས་ཞིང་ཆེན་ཡོངས་ཀྱི་སྤྱོད་སྟངས་འཛུགས་སྐྲུན་གཅིག་བསྡུས་བྱ་འགུལ་སྤེལ་བའི་གནས་ཚུལ་ཡོངས་བསྒྲགས་བྱས་ཤིང་། ཟི་ལིང་གྲོང་ཁྱེར་དང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གི་སྤྱོད་ཚུལ་འཛུགས་སྐྲུན་སྒྲུབ་ཐབས་ལ་བལྟས་པ་དང་། ས་ཁུལ4ཡི་ལས་ཁུངས་ཀྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།