ཀྲུང་གོ་བོད་ཀྱི་དྲ་བ།

ཆུ་བོ་དྭངས་ཤིང་གསལ། སྐྱེ་ཁམས་སྔོ་ཞིང་མཛེས། ལྟ་ན་སྡུག་པའི་ཟི་ལིང་ནི་འབྲི་ཆུའི་ལྷོ་རྒྱུད་ལས་ཀྱང་རྣམ་པར་མཛེས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྲོང་ཁྱེར་དང་ཆུ་བོ། མཚེའུ་དང་གྲོང་ཁྱེར།

གྲོང་ཁྱེར་ཞིག་ལ་ཆུ་ཡོད་པས་ལྕགས་རྡོའི་འཛུགས་སྐྲུན་བྱས་པའི་ནགས་ཚལ་ཡིན་ཡང་།

བརླན་ཤ་དང་འཇམ་མཉེན་དོད་པ་ཞིག་ཏུ་གྱུར་འགྲོ།

མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་སུ་ཆགས་པའི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱིས།

ནུབ་བྱང་ས་ཆའི་རྔམ་བརྗིད་དང་མཐའ་ཡས་པའི་དཔའ་ཉམས་ཤིག་མངོན་ཀྱང་།

ཀྱ་ཀྱུར་རྒྱུ་བའི་ཆུ་མོ་ཡིས།

གྲོང་ཁྱེར་འདིར་བབ་ཆགས་དང་འཇམ་མཉེན་གྱི་རྣམ་པ་ཞིག་ངང་གིས་བསྩལ་ཡོད།

ཙོང་ཆུ་རིང་མོ་དང་ནན་ཁྲོན་ཆུ་བོ། པེ་ཁྲོན་ཆུ་བོ་བཅས་ནི།

དར་གྱི་མདུད་པ་ཞིག་དང་འདྲ་བར་མཐའ་ནས་བསྐོར་ཞིང་། 

ཤར་ལྷོ་ནུབ་བྱང་གི་ཕྱོགས་བཞི་ཡོངས་སུ་སྦྲེལ་ཡོད།

མིས་བཟོས་མཚེའུ་དང་འདམ་རའི་སྤྱི་གླིང་། མཛེས་ལྗོངས་ཆུ་བོ་བཅས་ནི།

མུ་ཏིག་རྡོག་པོ་རེ་རེ་དང་འདྲ་བར།

གང་སར་ཕྲ་བཏབ་ནས་ས་གཞི་ཆེན་པོ་བརླན་གྱིས་གསོས་ཡོད།

གྲོང་ཁྱེར་ནི་གཙང་པོའི་ངོགས་གཉིས་སུ་དར་ཞིང་རྒྱས་ལ།

གྲོང་ཁྱེར་གྱི་འདུ་འཛི་དང་ཆུ་བོའི་ལྷིང་འཇགས་གཉིས་ནི་ཕན་ཚུན་འདྲེས་ནས་ཡོད་པས།

ཡིད་ཀྱི་དང་བ་འདྲེན་པའི་ཟི་ལིང་གི་འཕྲེང་བ་འབུས་ནས་བྱུང་།

21.jpg

ཀྱག་ཀྱོག་དལ་འགྲོ་རིང་མོའི་ངོགས་གཉིས་ལ། ལྗོན་ཤིང་ཚོགས་ཀྱི་གཡུ་ལོ་ཐགས་སུ་བཀྲ།

རྫིང་བུའི་འོད་དུ་འཚེར་བའི་ཆུ་ངོས་སུ། ཆུར་སྒྲོག་ཟུང་གིས་དགའ་མགུའི་དཔལ་ལ་རོལ།

བསིལ་རླུང་འཇམ་པོས་བརྩེ་བའི་འཕྲིན་པ་ཞིག། གསང་བའི་སྒོ་ནས་ཁྱོད་ཀྱི་སེམས་སུ་བསྐུར།

གྲོང་ཁྱེར་གྱི་བར་གསེང་དུ་རྒྱུ་བའི་ཆུ་མོ་ཡིས། སེམས་ཅན་ཀུན་བརྩེ་བས་བསྐྱངས་ནས།

སྡོང་རྒན་ལ་གསར་དུ་མྱུ་གུ་འབུས་ཤིང་། ཆུ་རྫིང་ལ་འདམ་རྩྭའི་འདུ་འཛི་རྒོད།

མཚམས་སྤྲིན་གྱི་གསེབ་ན་འཚེར་བའི་ཉི་ཟེར་དེས།

དྭངས་གཙང་གི་མཁའ་དབུགས་དང་མཛེས་སྡུག་གི་རི་ཀླུང་ལ་རོལ་མྱོང་བྱེད།

ཟི་ལིང་གི་ཆུ་རྒྱུན་རྔམ་ཅིང་ཆེ་ལ། ལྷིང་ཞིང་འཇགས།

དུས་ཀྱི་འཕེལ་འགྲོས་མགྱོགས་ཤིང་། བབ་ཆགས་དང་བདེ་སྐྱིད་ཀྱིས་གཏམས་པའི་བའི་ཡུལ་གྲུ་འདིར།

རི་ཆུ་ཀླུང་གསུམ་ལ་བཅོལ་བའི་བརྩེ་དུང་ཟབ་མོ་ཞིག

ཁྱོད་དང་ང་ཡི་སེམས་ཁོངས་སུ་ཟུག་ཅིང་འཕེལ།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།