ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ནུབ་ཁུལ་དུ་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་ཅན་གྱི་མི6བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས20ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་སྡོམ་པུའུ་ནས་ཤེས་གསལ་ལྟར་ན། 2022ལོའི་ཟླ9བའི་ཚེས19ཉིན་ནས་ཚེས20བར། མཚོ་ནུབ་ཁུལ་ཏུའུ་ལན་རྫོང་དུ་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་ཅན་གྱི་མི1བྱུང་བ་དང་། ནད་རྟགས་མེད་པའི་ནད་པ་རེད། དེ་ནི་སྔོན་གྱི་བརྡ་ཁྱབ79པའི་ཁྲོད་ཀྱི་བོད་ལྗོངས་ནག་ཆུ་ནས་སྐྱེལ་ཡོང་བའི་ས་མཚམས་བརྒལ་བའི་མི་སྣ་དང་མཉམ་དུ་ཡོང་བ་རེད། མཚོ་ནུབ་ཁུལ་མང་ཡ་གྲོང་ཁྱེར་གྱིས་མཚོ་བོད་ལྕགས་ལམ་ཚོགས་པ་ཀུང་སིའི་ན་གོར་མོ་ལམ་དུམ་གྱི་ཧྭ་ཐུའུ་ལུང་ཤུར་ས་ཚིགས་ཀྱི་ནད་རྟགས་མེད་པའི་ནད་པ5ཐག་གཅོད་བྱས་པ་དང་། དེ་དག་ནི་གཅིག་བསྡུས་ལོགས་བཀར་ཚོད་འཛིན་ཁྲོད་ནས་ཤེས་རྟོགས་བྱུང་བ་དང་། ཚང་མ་གཏན་ཁེལ་སྨན་ཁང་དུ་བསྐྱལ་ཟིན།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།