ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་མཛད་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ་དང་། ད་ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་གནས་ཚུལ་དང་ཉེ་དུས་ཀྱི་གཙོ་གནད་བྱ་བའི་བཀོད་སྒྲིག་གི་སྙན་ཞུར་གསན་ཏེ། ལག་བསྟར་དངོས་འབེབས་ཀྱི་བླང་བྱ་བཏོན། 

ཚོགས་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་འགན་འཁྲི་ཡིན་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྡུ་ལ་ཉེ་བའི་སྐབས་འདིར། ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བདེ་འཇགས་ཐོན་སྐྱེད་ཀྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་བྱ་བ་ལེགས་པར་བསྒྲུབ་རྒྱུ་དེ་གཏན་ཕབ་གཉིས་བརྩི་སྲུང་བྱེད་པ་དང་སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་བརྟག་བཤེར་གལ་ཆེན་དུ་བརྩིས་ནས། རིམས་ནད་འགོག་ཐུབ་པ་དང་དཔལ་འབྱོར་བརྟན་ཐུབ་པ། འཕེལ་རྒྱས་བདེ་འཇགས་ཡོང་བའི་བླང་བྱ་གལ་ཆེན་མཐའ་གཅིག་ཏུ་དངོས་འབེབས་བྱེད་པ། བསམ་བློའི་ངོས་འཛིན་དང་བྱ་བའི་བྱེད་ཐབས། འགན་འཁྲི་ལག་བསྟར།  ཉེན་ཁ་ཐག་གཅོད་བཅས་ཚད་གཞིར་སླེབས་པར་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཆེན་པོ་འབྱུང་བར་མཐའ་གཅིག་ཏུ་འགོག་ཟོན་བྱེད་དགོས་ཞེས་བསྟན། 

ཚོགས་ཐོག་ནས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། དུས་ནམ་ཡང་བདེ་འཇགས་ཐོན་སྐྱེད་གཙིགས་སུ་འཛིན་དགོས་ཏེ། གང་སྒྲུབ་ཉེན་ཟོན་དང་གཡང་ཁར་སླེབས་པ་ལྟ་བུའི་ཉེན་ཁའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ནམ་ཡང་དོགས་ཟོན་བྱེད་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས། དུས་ནམ་ཡང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་གོ་གནས་ཨང་དང་པོར་འཇོག་པ་དང་། དུས་ནམ་ཡང་བདེ་འཇགས་ཐོན་སྐྱེད་དེ་བྱ་བ་གཙོ་བོར་བརྩིས་ཏེ། ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། གནད་དོན་ཁྲིད་ཕྱོགས་སུ་འཛིན་པ་དང་ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱས་ནས། ལས་རིགས་ཁྱབ་ཁོངས་གཙོ་བོའི་མངོན་མིན་རྐྱེན་ངན་རྟོག་སེལ་བྱེད་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོ། ལས་རིགས་སོ་སོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་བྱེད་ཐབས་བཅོ་ལྔ་དང་རང་ཞིང་གི་བྱེད་ཐབས་ཞེ་གསུམ་ལག་བསྟར་ནན་མོ་བྱེད་པ་དང་། བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་པ། མི་མངོན་པའི་ཉེན་ཁ་ཡང་བསྐྱར་རྟོག་སེལ་དང་མཐིལ་རྟོགས་བྱེད་པ་དང་། ལྷག་པར་དུ་འགྲིམ་འགྲུལ་དང་མེ་གསོད་མེ་འགོག རླངས་སྣུམ། གཏེར་རིའི་ཁེ་ལས། ས་གཤིས་གནོད་འཚེ་སོགས་ཁྱབ་ཁོངས་གཙིགས་སུ་འཛིན་པ། དུས་ཐོག་ཏུ་ཉེན་ཁ་མེད་པར་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་ལ་ཤུགས་བསྣན་ནས། བདེ་འཇགས་གཏན་འཇགས་ཀྱི་འགོག་རགས་བརྟན་པོ་འཛུགས་དགོས། འགོག་སྲུང་སྔོན་དུ་འགྲོ་བ་དདང་སྔོན་འགོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཆ་ཚང་བའི་འཕྲལ་བསྟུན་ཇུས་གཞི་དང་འགོག་སྲུང་བྱེད་ཐབས་གཏན་འབེབས་བྱེད་དགོས། ཚོད་རྩིས་ཆེན་པོའི་བསམ་བློས་ཚོད་རྩིས་ཆུང་བའི་དོན་རྐྱེན་ལ་ཁ་གཏད་འཇལ་བ་དང་། ཉིན་རྒྱུན་དུ་འབད་འཐབ་བྱེད་པ། ཉིན་རྒྱུན་དུ་བྱེད་ཐབས་ལེགས་པོ་སྤྱོད་པ། འཕྲལ་བསྟུན་ཇུས་གཞི་མ་ལག་བཟང་པོ་འཛུགས་པ། དངོས་འཐབ་ཅན་གྱི་འཕྲལ་བསྟུན་འཁྲབ་སྦྱོང་ལ་ཤུགས་སྣོན་པ། བདེ་འཇགས་ཐོན་སྐྱེད་འགོག་སྲུང་བྱེད་ཐབས་ཐད་ཀྱི་མི་འདང་སར་ཁ་གསབ་བྱེད་པ། བདེ་འཇགས་ཐོན་སྐྱེད་དྲིལ་སྒྲོག་སློབ་གསོ་ལ་ཤུགས་བསྣན་ནས། འཕྲལ་བསྟུན་ལག་བསྟར་ནུས་པ་མཐོར་འདེགས་དགོས། གཏན་ཁེལ་གསལ་པོ་བྱེད་པ་དང་ཕན་ལྡན་སྤྱི་འདོམས་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་བྱ་བ་སྣ་ཚོགས་ལག་བསྟར་ནན་མོ་བྱེད་དགོས། ལས་རིགས་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ་དང་། ལས་སྒོར་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ། ཐོན་སྐྱེད་ཚོང་གཉེར་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཏང་སྲིད་འགན་གཅིག་དང་ལས་རྐང་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་བྱེད་པ། ཁོངས་གཏོགས་ས་ཆའི་འགན་འཁྲི་དང་ལས་རིགས་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་ཀྱི་གཙོ་གཞིའི་འགན་འཁྲི་གཏན་ཁེལ་གསལ་པོར་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་མུ་མཐུད་དུ་ཇེ་དམ་དུ་བཏང་སྟེ། སྣང་མེད་དུ་འཇོག་པ་དང་ལྷོད་གཡེང་གཏན་ནས་བྱེད་མི་རུང་བ་དང་། ལེགས་བཅོས་བྱེད་ཞོར་དུ་དོན་དག་འབྱུང་བར་བཀག་འགོག་བྱེད་པ། བདེ་འཇགས་ཐད་ཀྱི་ཉེན་ཁ་གཅིག་ཀྱང་མི་འབྱུང་བར་བྱེད་དགོས། དུས་མཚུངས་སུ། རྒྱུན་འཁྱོངས་ལྷོད་མེད་སྒོས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དམ་འཛིན་བྱེད་པ་དང་། གཞི་ཁྱོན་རང་བཞིན་གྱི་རིམས་ནད་ཡང་བསྐྱར་མི་འབྱུང་བར་བྱས་ནས། འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་ལའང་ཞིབ་འཇུག་བྱས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།