ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་གཞུང་ལུགས་ཞིབ་བརྗོད་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པ། དེང་སྐབས་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་བཅས་བྱས་ནས། རྗེས་མའི་གཙོ་གནད་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། 

གྲོས་ཚོགས་ལས་བསྟན་དོན། དེང་སྐབས་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་གནས་བབ་སྤྱིའི་ཆ་ནས་གཏན་འཇགས་ཡིན་པ་དང་། འོན་ཀྱང་གོ་རིམ་ཞན་པ་དང་ཉེན་ཁ་ཁ་ཤས་གནས་ཡོད། ཏན་ཏིག་གིས་རྒྱལ་ཡོངས་ཀྱི་ས་ཆ་ཁ་ཤས་སུ་བྱུང་བའི་བདེ་འཇགས་ཐོན་སྐྱེད་དོན་རྐྱེན་གྱི་སློབ་གསོ་བསྡུ་ལེན་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོ་དང་བསམ་བློའི་ངེས་ཤེས་ཟབ་མོས། “རིམས་ནད་འགོག་སྡོམ་ཐུབ་པ་དང་། དཔལ་འབྱོར་གཏན་འཇགས་ཐུབ་པ།  འཕེལ་རྒྱས་ལ་བདེ་འཇགས་ཡོང་བའི”བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ཏེ། མི་དམངས་དང་པོར་འཇོག་པ་དང་། ཚེ་སྲོག་དང་པོ་ཡིན་པ་རྒྱུན་འཁྱོངས་བྱས་ནས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བར་གཅིག་གྱུར་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ལ་ལྷོད་གཡེང་མེད་པར། དུས་ནམ་ཡང་བློ་སེམས་ཞིབ་མོའི་འགན་འཁྲི་ཡིས། གཟབ་ནན་དང་ཞིབ་ཚགས་ཀྱི་བྱེད་ཐབས་སྤྱད་དེ། སྟོབས་ཤུགས་ཡོད་རྒུས་བདེ་འཇགས་ཐོན་སྐྱེད་གནས་བབ་གཏན་འཇགས་ཡོང་བར་སྲུང་སྐྱོང་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་འཚོགས་པར་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱེད་དགོས་ཞེས་བསྟན། 

གྲོས་ཚོགས་ལས། ཉེན་སྐྱོན་འདུ་ཤེས་དང་། ཉེན་ཁའི་འདུ་ཤེས་ཤུགས་དྲག་ཏུ་གཏོང་བ་དང་། བསམ་བློའི་རྨང་གཞི་དང་གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རྩ་ལག་མཉམ་བཅོས་དང་། འགག་སྒོ་སྔོན་ལ་སྤོར་བ་རྒྱུན་འཁྱོངས་སྒོས། ཉེན་ཁ་ཡོད་པའི་རྫས་འགྱུར་དང་གཏེར་རི། བགྲོད་ལམ་འགྲིམ་འགྲུལ། མེ་གསོད་མེ་འགོག འཛུགས་སྐྲུན་ལས་བཟོ། གྲོང་ཁྱེར་དོ་དམ། ནགས་ཚལ་དང་རྩྭ་ཐང་མེ་འགོག རང་བྱུང་གནོད་འཚེ། རིམས་ནད་འགོག་སྡོམ། བདེ་འཇགས་བཅོས་སྐྱོང་། གཙོ་གནད་ལས་རིགས་བཅས་ལ་དམིགས་ཏེ། དབྱེ་ཞིབ་བརྡར་གཅོད་ལ་ཤུགས་བསྣན་ནས། འཕྲལ་བསྟུན་དང་འགོག་སྲུང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། བདེ་འཇགས་ཉེན་ཁའི་རྩད་ཞིབ་བཅོས་སྐྱོང་དང་“ཕྱིར་བལྟ་བར”དམ་འཛིན་བྱེད་དགོས། ཏང་སྲིད་འགན་འཁྲི་གཅིག་མཚུངས་རྒྱུན་འཁྱོངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། མཉམ་དུ་དོ་དམ་དམ་འཛིན། ལས་ཤོར་རྩད་འདྲི་བཅས་རྒྱུན་འཁྱོངས་བྱས་ཏེ། སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དང་། སྡེ་ཁག་གི་བདེ་འཇགས་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་བདེ་འཇགས་འགན་འཁྲི་བཅས་དོན་འཁྱོལ་བྱས་ནས། བྱ་བ་དོན་འཁྱོལ་དམ་འཛིན་དང་། ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་རྒོལ་རྡུང་བཏང་སྟེ། དོན་རྐྱེན་ཆེ་གྲས་མི་འབྱུང་བར་འགོག་སྲུང་བྱེད་པ་དང་། མི་དམངས་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།