ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ཤར་གྲོང་ཁྱེར་གྱིས་ཞིང་ཆེན་རིམ་པའི་རྨ་ཙོང་རིག་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་པར་ཆོག་མཆན་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས18ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་བརྙན་འཕྲིན་ཅུའུ་ནས་ཤེས་གསལ་ལྟར་ན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་མཚོ་ཤར་གྲོང་ཁྱེར་དུ་ཞིང་ཆེན་རིམ་པའི་རྨ་ཙོང་རིག་གནས(མཚོ་ཤར)ཀྱི་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་པར་ཆོག་མཆན་བཀོད་ནས་མོས་མཐུན་བྱུང་། དེ་ནི་མཚོ་ཤར་གྲོང་ཁྱེར་གྱིས་ཧོར་རིགས་རིག་གནས(ཧུའུ་ཀྲུའུ)དང་ཞོན་ཧྭ་ས་ལར་རིགས་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་བཙུགས་རྗེས། སླར་ཡང་ཞིང་ཆེན་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་བཙུགས་པ་ཡིན་པ་དང་། རྗེས་མར་རྒྱལ་ཁབ་རིམ་པའི་རྨ་ཙོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་རེ་ཞུ་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིངས། 

ངོ་སྤྲོད་ལྟར་ན། རྨ་ཙོང་རིག་གནས་ནི་རྨ་ཆུའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཞིང་ཆེན་རིམ་པའི་རྨ་ཙོང་རིག་གནས(མཚོ་ཤར)ཀྱི་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་བཙུགས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུའི་འབབ་རྒྱུད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ལ་ཁྱོན་ཡོངས་ནས་སྲུང་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ།  “ཚོན་རྫ་ཡི་ཕ་ཡུལ་དང་། འཐེན་ཐུག་གི་འབྱུང་གནས། མཚོ་སྔོན་གྱི་འཚེམ་དྲུབ་འབྱུང་ཁུངས། མཛེས་སྡུག་མཚོ་ཤར”བཅས་ཀྱི་རིག་གནས་ཡུལ་སྐོར་ཟོང་རྟགས་རྒྱུན་མཐུད་ངང་བཏོད་དེ། རང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་དོན་སྙིང་གལ་ཆེན་ལྡན། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།