ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ལྷོའི“ཤུགས་དྲག་བཅུ”ཡིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཚུན་ལ། རྨ་ལྷོ་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ཕན་ནུས་ལྡན་པའི་སྒོ་ནས་སྦྲེལ་མཐུད་བྱེད་པ་དང་དམ་དུ་འབྲེལ་ནས། “ཤུགས་དྲག་བཅུ”ཡི་བྱ་བའི་བྱེད་ཐབས་སྐུལ་འདེད་དང་། ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱས་ཏེ། གྲོང་གསེབ་དར་སྤེལ་སྲིད་ཇུས་དོན་འཁྱོལ་བྱེད་པ་དེ་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་སྦྲེལ་མཐུད་བྱེད་པ་དང་མཐུན་སྦྱོར་ངང་ནུས་ཤུགས་འདོན་པ་མངོན་འགྱུར་བྱུང་།

བྱེད་ཐབས་འདི་དག་ལ“སྣེ་འདྲེན་ཁེ་ལས་དང་མཉམ་ལས་ཁང་། རོང་འབྲོག་དུད་ཁྱིམ”གྱི་ཞིང་བར་མཉམ་འབྲེལ་དང་ཞིང་བར་སྣེ་ཁྲིད། ཞིང་བ་འབྱོར་ཕྱུག་གི་སྒྲིག་སྲོལ་སྒྲིག་འཛུགས་བྱེད་པ་དང་། རོང་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་དང་ཁྱིམ་ཚང་ཕྱུགས་རར་དབུལ་སྐྱོར་བྱེད་པ་བརྒྱུད། དབུལ་ཐར་མང་ཚོགས་ཉེ་ས་ནས་ལས་ཞུགས་དང་ཡོང་འབབ་འཕར་བར་རོགས་འདེགས་དང་ཤུགས་ཆེན་པོས་ཤང་སྡེ་ཐོན་ལས་རིམ་སྤར་གྱི་བཟོ་འགོད་ལག་བསྟར་བྱས་པ་དང་། ནན་ཏན་སྒོས་མ་དངུལ་དེ་ཐོན་ལས་འཕེལ་རྒྱས་བཀོལ་བའི་བསྡུར་ཚད་དེ55%ལས་མཐོ་བའི་བླང་བྱ་སོགས་དོན་འཁྱོལ་གང་ལེགས་བྱས། ད་ལྟ། ནོར་སྲིད་སྦྲེལ་མཐུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར6.73དོན་འཁྱོལ་བྱས་ཤིང་། སྦྲེལ་མཐུད་མ་དངུལ་གྱི་ལས་གཞི190ལག་བསྟར་བྱས། 

དེ་མིན། ལྟ་སྐུལ་ཚད་ལེན་དབུལ་སྐྱོར་ཤུགས་དྲག་ཏུ་གཏོང་བ་དང་། “རིགས་བརྒྱད”ཀྱི་མི་ཚོགས་དང་དམིགས་བསལ་ཚོགས་པར་དམིགས་ནས། “ཟླ་རེར་སྦྲེལ་མཐུད་གཅིག”གི་བྱ་བའི་སྒྲིག་སྲོལ་ལག་བསྟར་བྱས་ཏེ། དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་ལས་ཐོབ་ལོངས་སྤྱོད་བྱེད་འོས་པར་གང་ནུས་ཀྱིས་སྤྱོད་ཐུབ་པར་ཁག་ཐེག་བྱས་ཤིང་། དཀའ་ཁག་ཡོད་པའི་མང་ཚོགས་ཧུར་ཐག་གིས་ཚོང་ལས་བདེ་ཐང་ཉེན་སྲུང་ཁྲོད་ཞུགས་པར་སྣེ་ཁྲིད་ནས། མུ་མཐུད་དུ་སྣ་མང་རོགས་སྐྱོར་ཤུགས་ཚད་ཆེ་རུ་བཏང་། དུས་མཚུངས་སུ། སྤྱི་བའི་ཞབས་ཞུ་བྱེད་ས་ཤུགས་དྲག་ཏུ་གཏོང་བ་དང་། ཞིང་སྡེའི་རྨང་གཞི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་ཡུན་ཕན་སྲུང་སྐྱོང་དོ་དམ་སྒྲིག་སྲོལ་སྒྲིག་འཛུགས་བྱས་ཏེ། ཁྱོན་ཡོངས་ནས་མཐོ་སྒང་གི་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་ལག་བསྟར་དང་། རོང་འབྲོག་དམངས་ཀྱི་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་བཟོ་སྐྲུན་དང་སྲོལ་རྒྱུན་སྡེ་བའི་གཅིག་བསྡུས་བེད་སྤྱོད་བཟོ་སྐྲུན་ལག་བསྟར་བྱས་ཏེ། གྲོང་ཁྱེར་དང་མཐའ་ཁུལ་མཉམ་འདྲེས་དང་ཁྱད་ལྡན་སྲུང་སྐྱོང་། མཐོར་འདེགས་དམིགས་འཛིན། གནས་གཞན་ཡུལ་སྤོར་སོགས་རིགས4དང་འབྲེལ་ནས། གྲོང་གསེབ་དར་སྤེལ་ཚོད་ལྟའི་སྡེ་བ19གཏན་འཁེལ་བྱས་ཤིང་། ཐོན་ལས་དང་ཤང་སྡེ་འཛུགས་སྐྲུན་སོགས་ཀྱི་ལས་གཞི34ལག་བསྟར་བྱས་ནས་སྤྱིའི་མ་དངུལ་སྒོར་དུང་ཕྱུར1.1བཏང་། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།