ཀྲུང་གོ་བོད་ཀྱི་དྲ་བ།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་དང་འགོག་རྒོལ་དམག་འཐབ། ཚར་གཅོད་དམག་འཐབ་བཅས་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ནི་འགོག་ཐབས་བྲལ་བའི་གདོང་ཐུག་དམག་འཐབ་ཅིག་དང་དུ་སྨུག་མེད་པའི་འགོག་རྒོལ་དམག་འཐབ་ཅིག་ཡིན་ལ། ཉེན་ཁ་ཆེན་མོར་དོགས་ཟོན་བྱས་ཏེ་ཞི་བར་བྱེད་པའི་འགག་སྒྲོལ་དམག་འཐབ་ཅིག་ཀྱང་ཡིན།

མིག་སྔར། རང་ཞིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ“ཆུ་བོའི་གྱེན་དུ་གྲུ་བཏང་ཚེ།། གྱེན་དུ་མ་ཕྱིན་ཕྱིར་བཤོལ་ཐེབས།།”ཞེས་པ་ལྟ་བུའི་གནད་འགག་གི་དུས་སྐབས་དང་དཀའ་སྡུག་གི་དུས་རིམ་དུ་གནས་པས། སྣང་ཆུང་སྤུ་ཙམ་ཡང་བྱེད་མི་རུང་ལ། ཐེ་ཚོམ་སྤུ་ཙམ་ཡང་སྐྱེས་མི་རུང་བའི་ཁར་ལྷོད་གཡེང་ཡང་གཏན་ནས་བྱེད་མི་རུང་། གལ་སྲིད་དུས་ཚོད་གཅིག་དང་ཡུལ་གཅིག མི་གཅིག་བཅས་ལ་སྐྱོན་གཅིག་མཆིས་ཚེ། བྱས་ཉེས་གཅིག་གིས་ཚང་མ་བརླག་འགྲོ་ལ་རྐང་རྗེས་ལག་བསུབ་ལྟ་བུ་འབྱུང་སྲིད་པས། “སྐར་མ་ཚང་མ་མི་ཐོབ་ན་སྐར་མ་སྒོ་ང་དང་ཁྱད་པར་མེད་པ”ལྟ་བུའི་རྒྱུགས་སྤྲོད་ཆེན་མོ་ཞིག་ཡིན། དེ་བས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོ་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དོགས་ཟོན་མཐོན་པོ་བྱེད་པ་དང་འགན་འཁྲི་ཅི་ལྕོགས་ཀྱིས་འཁུར་བ། སྟོབས་ཤུགས་ཡོད་རྒུ་བཏོན་ནས། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྣ་ཚོགས་དངོས་འབེབས་ཞིབ་ཕྲ་སྒོས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་དང་། སྟོན་རླུང་གིས་ལོ་མའི་གད་སྙིགས་ཕྱགས་པ་བཞིན་ནད་དུག་གཙང་མར་ཕྱགས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་དང་བདེ་འཇགས་འགན་སྲུང་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འབྱུང་བར་ཆ་རྐྱེན་བསྐྲུན་དགོས།

ཐེངས་འདིའི་རིམས་ནད་བྱུང་བའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཞིང་ཆེན་ཡོངས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་མགྱོགས་མྱུར་གྱིས་འགུལ་སྐྱོད་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་རྒྱག་མགོ་བརྩམས། ཟླ8པའི་ཚེས29ཉིན་གྱི་དུས་ཚོད6པ་ནས་བཟུང་། ཟི་ལིང་གྲོང་ཁྱེར་མཁར་ཁུལ་གཙོ་བོ་ནས་ཁྱིམ་སྡོད་གཞུང་ལས་ལག་བསྟར་བྱས་ཤིང་། ཟི་ལིང་གི་སྤྱི་བདེ་བརྡ་སྦྱོར་འདི་དང་བསྟུན་ནས་འགུལ་སྐྱོད་བྱས། རྒྱ་ཆེའི་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་ལས་རོགས་པ་རྣམས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཡུལ་དངོས་སུ་བསྐྱོད་དེ། གྲོང་ཁྱེར་ཡོངས་ཀྱི་བཀག་སྡོམ་གནས202ནས་དུས་ཚོད24རིང་གི་བཀག་སྡོམ་ཞིབ་བཤེར་བྱེད་པའི་ལས་རེས་ལ་འབད་པ་དང་། “གནས་སྲུང་ཐུབ་པ་དང་གནས་ཁོང་དུ་ཆུད་པ། སྤྱི་ཚོགས་ངོས་བཀག་སྡོམ་བྱེད་ཐུབ་པར”ཁག་ཐེག་ནན་མོ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི“འགོག་ཐིག་སྔོན་པོ”ཧུར་ཐག་གིས་བསྐྲུན། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཞིན་ཧེ་ལམ་གྱི་ཀྲུང་ཧྭ་སྲང་ཤར་སྡེ་ཁུལ་གྱི་ཏང་ཨུས་མངའ་ཁོངས་དེའི་སྨན་རྫས་ཀུང་སི་དང་ཚོང་ཁྲོམ་ཁ་ཤས་ལ་དམིགས་བསལ་དུས་སྐབས་ཀྱི་མཁོ་འདོན་དང་སྐྱེལ་འདྲེན་ཞབས་ཞུ་འགན་སྲུང་གི་གྲོས་མཐུན་བཞག་སྟེ། དམངས་ཀྱི་དཀའ་སྡུག་སེལ་བའི“ལྗང་མདོག་བགྲོད་ལམ”བཏོད་པར་མ་ཟད། “རོགས་ཚོགས་དམར་པོ”ཡི་དང་བླངས་ཞབས་ཞུ་རུ་ཁག་བཙུགས་པ་དེ་ནི་དམིགས་བསལ་དུས་སྐབས་ཀྱི་མང་ཚོགས་ཀྱི“རྒྱུག་མཁན་པ”རུ་གྱུར་ནས་མང་ཚོགས་ཀྱི་སེམས་ཚེགས་དང་རེ་བལྟོས་ཀྱི་གནད་དོན་ཐག་གིས་བཅད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཁྲིམས་བསྟར་མི་སྣས་ཉིན་རྒྱུན་དུ་ལས་ཡུལ་བརྟན་པོར་བསྲུངས་ནས། དུས་ཐོག་ཏུ་སྨན་རྫས་གད་སྙིགས་སྡུད་སྐྱེལ་དང་ཐག་གཅོད་བྱས་ཏེ་རིམས་འཐབ་རྗེས་ཀྱི་འགོག་རགས་བརྟན་པོར་བསྲུངས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དངོས་གནས་མི་རེ་རེའི་ཕྲག་ཏུ་ཁུར་བོ་ཡོད་པ་དང་མི་ཚང་མའི་ལུས་སྟེང་ན་འགན་འཁྲི་ཡོད་པ་བྱས། ང་ཚོས་མུ་མཐུད་དུ་ནན་ཞིང་དམ་པ་དང་རྣལ་ཞིང་གཟབ་པ། ཞིབ་ཅིང་ཕྲ་བའི་བྱ་བའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱེད་པ་དང་། ལྷུ་ཚིགས་སོ་སོ་ཕན་ཚུན་དུ་འབྲེལ་ཞིང་མཐུད་པར་བྱས་ནས། གཏོར་ཐབས་མེད་པའི་འགོག་རགས་བརྟན་པོ་བསྐྲུན།

རིམས་ནད་ནི་བཀའ་རྒྱ་ཡིན་ལ། འགོག་སྡོམ་ནི་འགན་འཁྲི་ཡིན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་སྣ་ཚོགས་སྟོབས་ཤུགས་ཡོད་རྒུས་དངོས་འབེབས་ཞིབ་ཕྲ་སྒོས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་དངོས་གནས་མཐོར་འདེགས་བྱེད་པ།རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་གལ་ཆེན་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཀྱིས་ལག་བསྟར་དོན་འཁྱོལ་བྱེད་པ། “རིམས་ནད་སྔོན་འགོག་བྱེད་པ་དང་དཔལ་འབྱོར་བརྟན་བརླིང་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡིན་པའི”བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ། “ཕྱི་ནས་ནང་དུ་མཆེད་པ་དང་ནང་ནས་བསྐྱར་དུ་འཕར་བ་འགོག་པའི”སྤྱིའི་ཐབས་ཇུས་དང“འགུལ་རྣམ་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་འགྱུར་བ་སྤུ་ཙམ་ཡང་མེད་པར་རྒྱུན་འཁྱོངས་བྱེད་པ། ས་སྲུང་ན་འགན་ཁུར་ཡོད་པ་དང་ས་སྲུང་ན་འགན་གང་ལྕོགས་ཀྱིས་འཁུར་བ་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་བརྟན་བརླིང་ངང་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་འཚོ་བ་བརྟན་འཇགས་དང་གོ་རིམ་ལྡན་པར་འགན་སྲུང་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་སྣ་ཚོགས་དངོས་འབེབས་ཞིབ་ཕྲ་སྒོས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་དོད་པ་དང་གང་མགྱོགས་ཀྱིས་ཧེ་བག་འཚོལ་བ་དང་མི་འདང་ས་ཁ་གསབ་བྱེད་པ། “སྔ་མོ་དང་མགྱོགས་པོ། སེམས་ཐག་ཆོད་པོ”འབུར་དུ་དོད་པ། མྱུར་ན་མྱུར་མོ་བྱེད་པ་དང་མྱུར་མོས་རྒྱལ་ཁ་ལེན་པ་བཅས་ཀྱིས་སྔོན་འགོག་ཚོད་འཛིན་ཐག་གཅོད་ཀྱི་བྱ་བ་སྣ་ཚོགས་གཟབ་ནན་ཏན་ཏིག་གིས་ལེགས་པོར་འཛིན་དགོས། པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཚོ་སྔོན་བྱ་བའི་ཚན་ཆུང་གིས་བཏོན་པའི་བླང་བྱ་ལྟར་ལས་འགན་གཙོ་བོ་གསལ་པོ་བྱེད་པ་དང་ཉེན་ཁའི་སྐྱོན་ཆ་མེད་པར་གཏོང་བ། སྔོན་འགོག་ཚོད་འཛིན་གྱི་བཀོད་སྒྲིག་དངོས་འབེབས་བྱེད་པར་བཀག་རྐྱེན་ཡོད་མེད་ལ་བལྟ་བ་དང་། སྔོན་འགོག་ཚོད་འཛིན་གྱི་དྲ་བ་མི་ཁེབས་ས་ཡོད་མེད་ལ་བལྟ་བ། མང་ཚོགས་ལ་བསམ་འཆར་ཆེ་བའི་གནད་དོན་ཐག་གིས་བཅད་ཡོད་མེད་ལ་བལྟ་བ་བཅས་ཀྱིས་དཀའ་ཁག་གི་གནད་དོན་གཙོ་བོར་དམིགས་ནས་གནད་ཁེལ་ཤུགས་འདོན་བྱས་ཏེ། སྤུས་ཚད་མཐོ་བའི“གཙང་སེལ”དམིགས་འབེན་གང་མགྱོགས་ཀྱིས་མངོན་འགྱུར་བྱེད་དགོས།

རྒྱུན་འཁྱོངས་ནི་རྒྱལ་ཁ་ཡིན་པས། རྒྱུན་འཁྱོངས་བྱས་ན་ད་གཟོད་རྒྱལ་ཁ་ལེན་སྲིད་པ་དང་རྒྱུན་འཁྱོངས་བྱས་ན་རྒྱལ་ཁ་ངེས་པར་ལེན་ཐུབ། རང་ཅག་གི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ནི་ཏང་གི་ངོ་བོ་དང་རྩ་དོན་གྱིས་ཐག་གིས་བཅད་པ་ཡིན་པས། རང་ཅག་གི་སྔོན་འགོག་ཚོད་འཛིན་སྲིད་ཇུས་ཀྱིས་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་ལ། རང་ཅག་གི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ནི་ཚན་རིག་དང་མཐུན་ལ་ཕན་འབྲས་ལྡན་པ་ཞིག་ཡིན་པ་ལག་ལེན་གྱིས་ར་སྤྲོད་བྱས་ཡོད། ང་ཚོས་ཞིང་ཆེན་ཡོངས“མིག་མངས་འགྲིག་སྐོར་གཅིག”ལྟ་བུ་ཡིན་པའི་བསམ་བློ་སྔར་བས་བརྟན་པོར་ཆགས་སུ་འཇུག་པ་དང་། སྟོབས་ཤུགས་ཡོད་རྒུ་དང་དུས་ཚོད་དམ་འཛིན་གྱིས་རང་འགན་གཙང་སྒྲུབ་བྱེད་པ་དང་ཁག་ཁུར་གྱི་འགུལ་སྐྱོད་ཡོད་དུ་འཇུག་པ། ངེས་ཤུགས་རྒྱུན་སྲུང་དང་ཡིད་ཆེས་བརྟན་པོ་བྱེད་པ། བློ་རྩ་བརྟན་པོས་དམག་འཐབ་བྱས་ཏེ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། “ཕྱོགས་བཞིའི་འགན་འཁྲི”ནན་ཞིང་དམ་པོར་འགེལ་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲ་བ་སྔར་བས་དམ་ཚགས་བྱེད་པ། བྱ་བ་མང་པོ་མང་ཚོགས་ཀྱི་བློར་འབབ་རག་བར་དུ་སྒྲུབ་པ་བཅས་ཀྱིས་ཐོག་མའི་བསམ་འདུན་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེས་མདུན་ས་རུ་འབྲི་དགོས།

ང་ཚོར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་ཡོད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་འཛིན་གྱི་ནང་རྐྱེན་དང་བྱ་བའི་ཚན་ཁག་གི་མཛུབ་སྟོན་དང་རྒྱབ་སྐྱོར་ཡོད་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་འཐབ་བྱས་ན། ང་ཚོར་དུ་སྨུག་མེད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་དང་འགོག་རྒོལ་དམག་འཐབ། ཚར་གཅོད་དམག་འཐབ་བཅས་ལས་ངེས་པར་རྒྱལ་ཁ་ལེན་ཐུབ་པའི་ཡིད་ཆེས་ཡོད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།