ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་སྟོན་དགུན་དུས་ཚིགས་ཀྱི་མཚོ་སྔོན་པོའི་ཡུལ་སྐོར་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དང་ལྗོངས་ཁུལ་མཉམ་འབྲེལ་ཁྲིམས་འཛིན་འགུལ་སྐྱོད་སྤེལ་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས14ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མཚོ་བསྐོར་གྲོང་རྡལ་བཞི་དང་། མཚོ་ལྷོ་ཁུལ་དང་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་མཉམ་འབྲེལ་སྒོས“ལྗོངས་ཁུལ་དང་ས་གནས་མཉམ་འབྲེལ་སྒོས་མཚོ་སྔོན་ཡུལ་སྐོར་གྱི་མིང་བྱང་གསར་སྐྲུན་དང་། ང་རང་ང་ཡི་ཁྱིམ་ལ་དགའ་བ”བརྗོད་དོན་ཡིན་པའི་2022ལོའི་སྟོན་དགུན་དུས་ཀྱི་མཚོ་སྔོན་པོའི་ཡུལ་སྐོར་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དང་།ལྗོངས་ཁུལ་དང་ས་གནས་མཉམ་འབྲེལ་ཁྲིམས་འཛིན་འགུལ་སྐྱོད་མགོ་རྩོམ་མཛད་སྒོ་སྤེལ། བྱ་འགུལ་མགོ་བརྩམས་པའི་ཉིན་ནས་བཟུང་། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་མཚོ་སྔོན་པོའི་ཡུལ་སྐོར་ཚོང་རའི་ཁྲིམས་འཛིན་ཆེད་སྤྱོད་བྱ་འགུལ་སྤེལ་ནས། ཡུལ་སྐོར་ཚོང་རའི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་རྒོལ་རྡུང་ཤུགས་ཆེར་བཏང་ནས། མཚོ་སྔོན་པོའི་ཡུལ་སྐོར་ཚོང་རའི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣོན་དང་། མཚོ་སྔོན་པོའི་ཡུལ་སྐོར་ཚོང་རའི་སྒྲིག་ལམ་ཇེ་ལེགས་སུ་གཏོང་རྒྱུ་རེད། 

མཚོ་སྔོན་པོ་ནི་ཀྲུང་གོའི་ཆེས་ཆེ་བའི་ཚྭ་མཚོ་ཡིན་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི“སྒེའུ་ཁུང་གཙོ་བོ”ཡིན་པ་མ་ཟད། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་གསར་སྐྲུན་བྱེད་པའི་གཞོགས་འདེགས་གལ་ཆེན་ཞིག་ཀྱང་ཡིན།  ཉེ་བའི་ལོ་ཤས་རིང་། མཚོ་སྔོན་པོའི་ལྗོངས་ཁུལ་བེད་སྤྱོད་དོ་དམ་ཅུའུ་ཡིས་སྐྱེ་ཁམས་སྲུང་སྐྱོང་དེ་ཆབ་སྲིད་ཀྱི་ལས་འགན་ཐོག་མར་བྱས་ཏེ། མཐུན་སྦྱོར་ལ་ཤུགས་བསྣན་ནས། མཉམ་འབྲེལ་སྒྲིག་སྲོལ་སྒྲིག་འཛུགས་དང་ཆེད་དོན་བྱ་འགུལ་སྤེལ་ནས། ཚོང་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་སྟེ། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་བཏང་། 

མགོ་རྩོམ་མཛད་སྒོའི་སྟེང་།  མཚོ་སྔོན་པོའི་ཡུལ་སྐོར་ཚོང་རའི་སྒྲིག་ལམ་བཅོས་སྐྱོང་གི་འབྲེལ་ཡོད་བྱ་བ་བཀོད་སྒྲིག་བྱས་པའི་དུས་མཚུངས་སུ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དང་གཅིག་བསྡུས་སྒོས་གད་སྙིགས་འཐུ་བ་དང་ཁོར་ཡུག་གཙང་སྦྲའི་བྱ་འགུལ་སྤེལ། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།