ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་བུད་མེད་དང་བྱིས་པའི་བྱ་གཞག་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས5ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚོ་སྔོན་གྱིས་བུད་མེད་དང་བྱིས་པའི་བདེ་ཐང་གནས་ཚུལ་དང་སློབ་གསོ་ཐེབས་པའི་ཆུ་ཚད། འཚོ་བའི་ཁོར་ཡུག ཁེ་དབང་སྲུང་སྐྱོང་། སྤྱི་ཚོགས་འགན་སྲུང་སོགས་ཁྱབ་ཁོངས་ལ་དམིགས་ཏེ། བུད་མེད་དང་བྱིས་པའི་འཚོ་གནས་ཁོར་ཡུག་དང་འཚོ་བའི་སྤུས་ཚད་ཟམ་མི་ཆད་པར་ཇེ་ལེགས་སུ་བཏང་ནས་བུད་མེད་དང་བྱིས་པའི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། མིག་སྔར་ཞིང་ཆེན་ཡོངས་ཀྱིས་རེས་སྐོར་གསུམ་པའི་ཀྲུང་གོའི་བུད་མེད་དང་བྱིས་པའི་འཕེལ་རྒྱས་རྩ་གནད་དང་མཚོ་སྔོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པར་སྤྱིའི་ཚད་གཞིར་ལོན་ཚད93%ལྷག་ཟིན་པ་དང་། དམིགས་ཚད་མང་པོ་ཞིག་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ལེགས་པས་བུད་མེད་དང་བྱིས་པའི་བྱ་གཞག་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།