ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ལྷོ་ཁུལ་གྱི་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ཁག་གསུམ་པའི་ནད་པའི་ཁྲོད་ནད་པ11དྲག་སྐྱེད་བྱུང་ནས་སྨན་ཁང་ནས་བུད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས་ཤེས་གསལ་ལྟར་ན། ཁག་དང་པོ་དང་ཁག་གཉིས་པའི་ཉིང་བསྐྱུར་བརྟག་འབྲས་གདགས་གཤིས་ཡིན་པའི་ནད་པ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད་རྗེས། ཟླ8པའི་ཚེས27ཉིན། མཚོ་ལྷོ་ཁུལ་གྱི་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ5དྲག་སྐྱེད་བྱུང་ནས་སྨན་ཁང་ནས་བུད། ད་ལྟ་མཚོ་ལྷོ་ཁུལ་གྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ13ཁྲོད། ནད་པ11དྲག་སྐྱེད་བྱུང་བ་དང་ནད་པ2ཀྱི་གནས་ཚུལ་ཇེ་བཟང་དུ་སོང་ཡོད། མིག་སྔའི་གནས་ཚུལ་ལ་བལྟས་ན་ཟླ8པའི་ཚེས29ཉིན་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་འབུད་ཐུབ་རྒྱུ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།