ཀྲུང་གོ་བོད་ཀྱི་དྲ་བ།

འཕྲལ་བསྟུན་དོ་དམ་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་འགན་སྒྲུབ་བྱས་པའི་འཕྲལ་བསྟུན་དོ་དམ་ཆེད་དོན་བགྲོ་གླེང་འཛིན་གྲྭ་དེ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་སློབ་མགོ་བརྩམས་ཤིང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། གྲོང་ཁྱེར་དང(ཁུལ)རྫོང(ཆུས)ཏང་ཨུའི་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་ལས་བྱེད་པ49གཅིག་བསྡུས་ངང་གསོ་སྦྱོང་ཁྲོད་ཞུགས། 

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་འཚོགས་ཡུན་ཉིན5ཡིན་པ་དང་། གསོ་སྦྱོང་གིས་སློབ་ཁྲིད་སློབ་གསོ་དང་ཡུལ་དངོས་སློབ་ཁྲིད། དྲ་ཐོག་ཐད་གཏོང་དང་ཡུལ་དངོས་སློབ་ཁྲིད། དེ་མིན་བགྲོ་གླེང་བརྗེ་རེེས་དང་འཁྲབ་སྦྱོང་སོགས་ཀྱི་རྣམ་པས་སློབ་ཁྲིད་བྱ་རྒྱུ་རེད། འཕྲལ་བསྟུན་དོ་དམ་པུའུ་དང་ཀྲུང་གོའི་བདེ་འཇགས་ཐོན་སྐྱེད་ཚན་རིག་ཁང་། ཀྲུང་གོའི་གཏེར་ལས་སློབ་ཆེན་བདེ་འཇགས་ཚན་རིག་དང་འཕྲལ་བསྟུན་དོ་དམ་ཞིབ་འཇུག་ཁང་གི་འབྲེལ་ཡོད་མགོ་ཁྲིད་དང་དགེ་རྒན་ཆེན་མོ་བཅས་ཀྱིས། སོ་སོར་ཧོ་ནན་ཀྲིན་ཀྲིག་གི“7·20”དྲག་ཆར་གནོད་འཚེའི་དོན་རྐྱེན་དང་། འཕྲལ་བྱུང་དོན་རྐྱེན་འཕྲལ་བསྟུན་གྲ་སྒྲིག་དང་འཁྲབ་སྦྱོང་།《བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》ནང་དོན་གཙོར་བྱས། ཆེད་དོན་ཟུར་ཁྲིད་བྱས།  ཞིང་ཆེན་ནང་ཁུལ་གྱི་ཆེད་མཁས་དགེ་རྒན་ཆེན་མོས་ཞི་ཅིན་ཕིང་གི་ཉེན་ཁ་འགོག་སྲུང་འགྲན་རྩོད་དང་། འཕྲལ་བྱུང་དོན་རྐྱེན་ལ་གདོང་གཏོད་པའི་གཞུང་ལུགས་ཞིབ་བརྗོད་དང་། འཕྲལ་བསྟུན་དོ་དམ་གྱི་མ་མཐའི་གོ་རིམ་དང་བྱེད་ཐབས་བཅས་ཀྱི་སྐོར་ནས་ཆེད་དོན་སློབ་ཁྲིད་བྱས། དུས་མཚུངས་སུ། སློབ་མ་རྩ་འཛུགས་བྱས་ཏེ་རང་ཞིང་གི་དོན་དངོས་དང་ཟུང་འབྲེལ་སྒོས། ཆེད་དོན་བགྲོ་གླེང་འཕྲལ་བསྟུན་ཐག་གཅོད་འཁྲབ་སྦྱོང་བྱས། 

ཐེང་འདིའི་གསོ་སྦྱོང་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བླང་བྱ་ལྟར་སྤེལ་བ་ཡིན་ཞིང་། དམིགས་ཡུལ་ནི་མགོ་ཁྲིད་ལས་བྱེད་པའི་འཕྲལ་བསྟུན་དོ་དམ་གྱི་འདུ་ཤེས་མཐོར་འདེགས་དང་། ཤེས་བྱའི་སྒྲིག་གཞི་དང་བཀོད་འདོམས་ནུས་ཤུགས་ཇེ་ལེགས་སུ་བཏང་སྟེ། བདེ་འཇགས་ཉེན་ཁ་ཆེན་པོ་འགོག་སྲུང་བྱེད་པ་དང་། རིགས་སོ་སོའི་གནོད་འཚེའི་དོན་རྐྱེན་ཐག་གཅོད་ཀྱི་ནུས་ཤུགས་དང་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དེ་ཡིན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།