ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་སྟོབས་ཤུགས་ཡོད་རྒུས་གནོད་སེལ་རྒུད་སྐྱོབ་བྱ་བ་ལེགས་པོར་སྒྲུབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་ནས་ཤེས་གསལ་ལྟར་ན། ཟླ8པའི་ཚེས13ཉིན་གྱི་དུས་ཚོད11དང་སྐར་མ30ཡི་སྟེང་། མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་གིས་དྲག་ཆར་གྱི་ཉེན་བརྡ་སེར་པོ་བསྒྲགས། ཉེན་བརྡ་འབྱོར་རྗེས། ཞིང་ཆེན་སྲིད་གཞུང་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་གཞུང་ལས་ཁང་གིས་མྱུར་དུ་བརྡར་གཅོད་རྩ་འཛུགས་བྱས་པ་དང་། 《མཚོ་སྔོན་ཞིང་ཆེན་ཞོད་འགོག་ཆུ་ལོག་སྔོན་འགོག་འཕྲལ་བསྟུན་སྔོན་བརྡའི》མགོ་རྩོམ་ཆ་རྐྱེན་ལྟར། ཚེས13ཉིན་གྱི་དུས་ཚོད14ཡི་སྟེང་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་གི་རིམ་པ་བཞིའི་འཕྲལ་བསྟུན་ཉེན་བརྡ་བཏང་སྟེ། རེ་བར་རིམ་པ་སོ་སོའི་ཞོད་འགོག་འགན་ཁུར་བས་མྱུར་དུ་བྱ་བ་སྤེལ་བ་དང་། ཆར་ཆུའི་གནས་ཚུལ་ལ་དོ་སྣང་བྱས་ཤིང་། དབྱེ་ཞིབ་བརྡར་གཅོད་ལ་ཤུགས་བསྣན་ནས། སྐོར་ཞིབ་དང་མི་སྣ་གནས་སྤོར། གནོད་སེལ་རྒུབ་སྐྱོབ་བྱ་བ་ལེགས་པོར་སྒྲུབ་དགོས། ཞིང་ཆེན་ཆུ་བེད་ཐིང་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་། ཞིང་ཆེན་འགྲིམ་འགྲུལ་ཐིང་གིས་རང་རང་གི་སྔོན་བརྡ་ལྟར། རིམ་པ་བཞིའི་བརྡ་རྒྱག་མགོ་བརྩམས་ཤིང་། ཟི་ལིང་གྲོང་ཁྱེེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་ཁུལ3གྱི་རྫོང14ཡིས་ཞོད་འགོག་ཉེན་བརྡ་མགོ་བརྩམས་ཤིང་། དེའི་ཁྲོད་ཁུལ1ལ་རིམ་པ3གྱི་ཉེན་བརྡ་མགོ་བརྩམས་པ་དང་། རྫོང་དང་ཆུས13ཡི་རིམ་པ་བཞིའི་ཉེན་བརྡ་བཏང་། ད་ལྟའི་བར་དུ། ཞིང་ཆེན་ཡོངས་ཀྱི་གནམ་གཤིས་གནོད་འཚེའི་ཉེན་བརྡ89ཁྱབ་བསྒྲགས་བྱས་པ་དང་། ས་གཤིས་གནོད་འཚེའི་སྔོན་བརྡ796ཁྱབ་བསྒྲགས་བྱས། 

ས་གནས་དང་སྡེ་ཁག་སོ་སོས་མཐོང་ཆེན་བྱས་པ་དང་། མགོ་ཁྲིད་ཀྱིས་སྔོན་ལ་བཀོད་འདོམས་བྱས་ཤིང་། འཕྲལ་བསྟུན་དང་གནམ་གཤིས། ཆུ་བེད། རང་བྱུང་ཐོན་ཁུངས། སྤྱི་བདེ། མེ་གསོད་མེ་འགོག མཁར་གྲོང་དོ་དམ་སྡེ་ཁག་གིས་མཐུན་འགྲིག་བྱས་ཤིང་། སྟོབས་ཤུགས་ཡོད་རྒུས་གནོད་སེལ་རྒུད་སྐྱོབ་དང་གནས་སྤོར་བདེ་བཀོད་བྱ་བ་ལེགས་པོར་སྒྲུབ། ཞིབ་བཤེར་བྱས་པ་བརྒྱུད། མི་སྣ11མྱུར་སྐྱོབ་བྱས་པ་དང་། ཁྱིམ་ཚང663གྱི་མི2435གནས་སྤོར་བདེ་བཀོད་བྱས། དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་བ་ཡན་གྲོང་རྡལ་གྱི་རླངས་འཁོར་བཟོ་གྲྭའི་རླངས་འཁོར20ལམ་ངོས་སུ་དེད་པ་དང་། གནོད་ཐེབས་གནས་ཚུལ་བསྡོམས་རྩིས་བྱེད་བཞིན་པའི་སྒང་ཡིན་ལ། ཟི་ལིང་གྲོང་ཁྱེར་མཁར་ཁུལ་དུ་ཆུ་གསོག་པའི་གནས་ཚུལ22བྱུང་བ་དང་ཆུ་གསོག་ས་ཚབས་ཆེན་ཡིན་པའི་གནས་ཚུལ4ཡོད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།