ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི“ཞིང་ཆེན་རིམ་པའི་དབུ་བཞུགས་བཅའ་ཁྲིམས་བློ་འདྲིའི་ཆེད་མཁས་པའི་མཛོད”བཙུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས9ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི“ཞིང་ཆེན་རིམ་པའི་དབུ་བཞུགས་བཅའ་ཁྲིམས་བློ་འདྲིའི་ཆེད་མཁས་པའི་མཛོད”ཟི་ལིང་དུ་དངོས་སུ་བཙུགས་ཤིང་། ཆེད་མཁས་པ73མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་དབུ་བཞུགས་བཅའ་ཁྲིམས་བློ་འདྲིའི་ཆེད་མཁས་པའི་མཛོད་ནང་བདམས། 

ཞིང་ཆེན་ཁྲིམས་ལུགས་རིག་པ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་རིམ་པའི“དབུ་བཞུགས་བཅའ་ཁྲིམས་བློ་འདྲིའི་ཆེད་མཁས་པའི་མཛོད”བཙུགས་པ་དང་། དབུ་བཞུགས་བཅའ་ཁྲིམས་བློ་འདྲིའི་ཆེད་མཁས་པའི་ལམ་ལུགས་ཁྱབ་གདལ་བཏང་བ་ནི། ཁྲིམས་ལུགས་རིག་པ་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་དང་། རང་ངོས་ཀྱི་ལེགས་ཆ་ཧུར་ཐག་གིས་འདོན་སྤེལ་བྱས་ནས་ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཁག་ཁུར་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཁྱོན་ཡོངས་ལ་ཞབས་ཞུ་བྱེད་པ། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ལག་ལེན་བསྟར་བྱེད་པའི་བྱེད་ཐབས་གསར་སྐྲུན་བྱས་པ་ཞིག་ཡིན། དབུ་བཞུགས་བཅའ་ཁྲིམས་བློ་འདྲིའི་ཆེད་མཁས་པ་ནི་ཕྱོགས་གསུམ་པའི་སྟོབས་ཤུགས་ཡིན་པའི་ཆ་ནས།  “དབུ་བཞུགས་ཆེད་མཁས་པ”དང“ལས་སྟེགས་མཐོ་གྲས”། “བྱ་གཞག་གལ་ཆེན” །“དབང་གྲགས་བསམ་འཆར”བཅས་ཀྱི་གཙོ་གནད་ལས་དོན་ཁག་བཞིའི་བླང་བྱར་དམ་པོར་དམིགས་ནས། ནན་ཏན་གྱིས་རང་འགན་གཙང་སྒྲུབ་བྱེད་པ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ལས་རིགས་སྒྲིག་གཞི་དང་ཚད་གཞི་བཅས་ལ་བརྩི་སྲུང་བྱས་ནས། ནུས་པ་ལྡན་པ་དང་གཞུང་དྲང་ངང་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱེད་པ་བཅས་ཀྱི་ཐོག་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་མགྱོགས་མྱུར་གྱིས་འཛུགས་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།