ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པས་ཏང་ཙུའུ་གྲོས་ཚོགས་ཐེངས་གོ་གཅིག་པ་བསྡུས་ཏེ། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་གླེང་བ》ཞེས་པའི་གླེགས་བམ་བཞི་པར་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ། ཀྲུའུ་རེན་གཞོན་པ་ཡུས་ཚུང་ལི་ཡིས་མགོ་འཛིན་བྱས། ཝང་ལི་མིང་དང་། མ་ཝེ། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུང་། ཝུའུ་ཧའེ་ཁུན། ཀྲང་ཧོང་ཡོན། ཅ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས། 

ཚོགས་ཐོག་ནས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་གླེང་བའི》གླེགས་བམ་བཞི་པར་བསྡུས་པའི་རྩོམ་ཡིག་གལ་ཆེན་ནི། ལས་དོན་ཁག་ལེགས་པོར་སྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་རྩ་འཛིན་ཡིན། ཞིང་ཆེན་དམངས་ཆེན་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་ལག་བསྟར་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ལག་བསྟར་དངོས་འབེབས་དང་ཟུང་དུ་སྦྲེལ་བ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོོངས་དོན་ལག་བསྟར་དངོས་འབེབས་དང་ཟུང་འབྲེལ་བྱེད་པ། ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་པ་ལག་བསྟར་དངོས་འབེབས་བྱེད་པར་ཟུང་དུ་སྦྲེལ་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཀླད་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཚོགས་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིན་ཅང་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། དམངས་ཆེན་གྱི་འགན་ནུས་ལ་རྐང་བཙུགས་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་རོགས་སྐུལ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་གཙོ་བོའི་ཆེད་དོན་ཞིབ་འཇུག་བགྲོ་གླེང་འཛིན་གྲྭའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། བརྟན་ཚུགས་རང་རྟོགས་སྒོས་གསུང་བཤད་ཀྱི་དགོངས་དོན་ལ་བརྟེན་ནས་བསམ་སྦྱོར་གཉིས་གཅིག་གྱུར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བྱ་བའི་ཚོགས་འདུ་དང་ཏང་ཕྱི་མི་སྣའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་མྱོང་རྟོགས་དང་ཁོང་དུ་ཆུད་པར་བྱས་ཏེ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ལེགས་པོར་སྒྲུབ་པའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཚོགས་ཐོག་ནས། ཞིང་ཆེན་ཏང་ཨུས་གཅིག་གྱུར་བཀོད་སྒྲིག་བླང་བྱ་ལྟར། ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་ལ་ངེས་པ་དོན་གྱིས་ཤུགས་སྣོན་པ་དང་། ཆབ་སྲིད་གླེང་ནས་སྒྲིག་ལམ་བརྩི་བ་དང་གནད་དོན་བཙལ་ནས་ཆད་པ་སྐོང་བ། འགན་འཁྲི་བསྲུངས་ནས་ལས་འགན་ཁུར་བ། ལམ་ལུགས་བཙུགས་ནས་སྲོལ་བཟང་སྤེལ་བ། ཏང་འཛུགས་བཟུང་ནས་དངོས་འབེབས་ལ་སྐུལ་བ་བཅས་བྱས་ཏེ། ལས་ཁུངས་བཞི་འཛུགས་སྐྲུན་ལ་དམིགས་ནས། སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་ལེགས་པོར་བརྟེན་ནས་དམངས་ཆེན་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཚོགས་ཐོག་ནས་ལས་ཁུངས་ཀྱིས་སྤྱོད་ཚུལ་གནད་དོན་ཞིབ་བཤེར་ཡོ་བསྲང་ཆེད་དོན་འགུལ་སྐྱོད་སྤེལ་བའི་བྱ་བའི་ཇུས་གཞི་དང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།