ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མིའི་སྲུང་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཚང་འཛོམས(བརྙན་རིས)གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མིའི་སྲུང་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཚང་འཛོམསབརྙན་རིསགྲོས་ཚོགས་ཐེངས་གཉིས་པ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཝའེ་ཏུང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པའམ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཁོང་ཡུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་། ཧྲིན་ཀྲང་གཞོན་པའམ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལི་ཧོང་ཡ་གྲོས་ཚོགས་སུ་ཞུགས། 

གྲོས་ཚོགས་ལས་བསྟན་དོན། ནར་མ་སོན་པའི་མིའི་སྲུང་སྐྱོང་བྱ་བ་ནི་སྲིད་གཞུང་གི་བཅོས་སྐྱོང་ནུས་ཤུགས་དང་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། ཁྱིམ་ཚང་ཁྲི་སྟོང་གི་དམངས་འཚོ་དང་དམངས་སེམས་བཟོ་སྐྲུན་གལ་ཆེན་ཞིག་ཡིན། ས་གནས་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནར་མ་སོན་པའི་མིའི་སྲུང་སྐྱོང་བྱ་བའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། གནས་བབ་གསར་བའི་ལས་འགན་ལ་ངེས་ཤེས་ཡོད་པར་བྱས་ཏེ། འགན་འཁྲི་འདུ་ཤེས་དང་དམ་དྲག་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ། གཅིག་གྱུར་མཐུན་སྦྱོར་ལ་ཤུགས་བསྣོན་དང་། གཞི་རིམ་བཅོས་སྐྱོང་། སློབ་གསོ་དྲིལ་སྒྲོག་སྟེང་ཤུགས་བསྣན་ནས། ཁྱིམ་ཚང་སློབ་གསོའི་སྐུལ་འདེད་བཅའ་ཁྲིམས་ལག་བསྟར་དང་། སློབ་གྲྭའི་སྲུང་སྐྱོང་བྱ་བར་ཤུགས་བསྣན་ནས་སྤྱི་བའི་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ། ཕན་ནུས་ལྡན་པའི་སྒོ་ནས་ནར་མ་སོན་པའི་མིའི་དྲ་རྒྱའི་བདེ་འཇགས་ལ་སྲུང་སྐྱོང་དང་། སྲིད་གཞུང་གི་སྲུང་སྐྱོང་འགན་ནུས་ཤུགས་དྲག་ཏུ་གཏོང་བ་དང་། ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ཏེ། དངོས་ཡོད་བྱེད་སྟངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་ཞེས་བསྟན། 

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་ལག་ལེན་དམ་འཛིན་དང་། ལས་བགོས་དང་བྱ་བའི་དངོས་ཡོད་དང་ཟུང་འབྲེལ་དམ་ཟབ་སྒོས། བྱེ་བྲག་གི་བྱེད་ཐབས་ཞིབ་འཇུག་ལག་བསྟར་བྱས་ཏེ། གཙོ་གནད་ལས་འགན་དང་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ལས་འགན་རྩིས་ཐོ་ལྟར་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་དང་། ལས་འགན་གཟབ་ནན་དུ་བཏང་ནས་འབུར་ཐོན་གནད་དོན་བཅོས་སྐྱོང་བྱེད་པ་དང་། དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་བསྣོན་དང་། ཁྱིམ་ཚང་དང་སློབ་གྲྭ སྡེ་བའི་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་དོན་འཁྱོལ་ལེགས་པོ་བྱས་ནས། རྨང་གཞི་བརྟན་སྲུང་བྱེད་པ་དང་། གཅིག་གྱུར་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་སྟོན་བྱ་བར་དམ་འཛིན་བྱས་ཏེ། འབྲེལ་འདྲིས་ཤུགས་དྲག་ཏུ་གཏོང་བ་དང་སྒྲིག་གཞི་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། བྱ་བའི་འདུས་ཤུགས་གྲུབ་པར་བྱས་ཏེ། ནར་མ་སོན་པའི་མིའི་སྲུང་སྐྱོང་བྱ་བར་ཕན་འབྲས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།