ཀྲུང་གོ་བོད་ཀྱི་དྲ་བ།

དབྱང་ཧྥིན་ཁྲུན་གྱིས་མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་ཚོགས་དང་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དང་། ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པ་དང་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་སྐབས་བཞི་པའི་རྩ་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཧྥིན་ཁྲུན་ཁྲི་ཀར་རྫོང་དུ་སོང་ནས། ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་དང་། མགོ་རྩོམ་མཛད་སྒོའི་སྦྱོང་བརྡར་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་ཤིང་། ཡུལ་དངོས་ཀྱི་ཆེད་དོན་ཚོགས་འདུ་འཚོགས་པར་རྩ་འཛུགས་བྱས་ནས། སྒྲིག་འཛུགས་ཨུ་ལྷན་གྱི་ལས་དོན་ཚན་ཆུང་ཁག་གི་བསམ་འཆར་དང་གྲོས་གཞི་ལ་ཉན་པ་དང་གཙོ་གནད་ལས་དོན་བཀོད་སྒྲིག་བྱས། 

དབྱང་ཧྥིན་ཁྲུན་གྱིས། ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པ་དང་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་སྐབས་བཞི་བའི་གྲ་སྒྲིག་ལས་དོན་སྤེལ་བ་ནས་བཟུང་། འགན་སྒྲུབ་ལས་ཁུངས་དང་རྩ་འཛུགས་ཨུ་ལྷན་གྱི་ལས་དོན་ཚན་ཆུང་སོ་སོ་དང་དེ་བཞིན་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་དང་གཞོགས་འདེགས་དམ་ཟབ་བྱས་ནས་ཞིབ་ཚགས་ལྡན་པའི་ལས་དོན་འབོར་ཆེན་བསྒྲུབས་པ་དང་། དཀའ་ལས་ཆེན་པོ་བརྒྱབ་ནས་ལས་དོན་ཁག་ལ་ནུས་པ་ལྡན་པ་དང་། གོ་རིམ་ལྡན་པ། གྲུབ་འབྲས་ལྡན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་ཡོད་པར་བསྟན།

དབྱང་ཧྥིན་ཁྲུན་གྱིས་ནན་གྱིས་བསྟན་དོན། མིག་སྔའི་འགྲན་ཚོགས་དེ་མཐའ་མཇུག་གི་ལྡོག་རྩིས་དུས་ཚོད་ལ་སླེབས་ལ་ཉེ་བས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ། ཕྱོགས་སོ་སོའི་འགན་འཁྲི་གཟབ་ནན་དུ་གཏོང་བ་བཅས་བྱས་ནས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ལེགས་པོར་སྒྲུབ་དགོས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཕུལ་ནས་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་དགོས། ཁོངས་གཏོགས་ཁུལ་གྱི་འགན་འཁྲི་དང་གཙོ་གཞིའི་འགན་འཁྲི། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་བཅས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་། “དུས་དང་རྣམ་པ་ཀུན་ཏུ་བློ་བདེ་པོ་ཡོང་བའི”འགན་འཁྲིའི་འདུ་ཤེས་བཟུང་ནས“མིག་ཆེ་རུ་བགྲད་པ་”དང་། གཙོ་གནད་ཁུལ་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་། ས་ཆ་དོ་དམ། མེ་ཟོན་འཕྲལ་སྡོམ་སོགས་ཀྱི་ལས་དོན་ནན་ཏན་གྱིས་ལེགས་པོར་བསྒྲུབས་ཏེ་ནོར་འཕྱུགས་གཏན་ནས་མི་འབྱུང་བར་འགན་ལེན་བྱེད་དགོས། འགྲན་ཚོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་ཞིབ་ཅིང་ཕྲ་བའི་སྦྱོང་བརྡར་བྱེད་པ་དང་། མྱུར་ཚད་ཀྱི་སྤྲོ་སེམས་དང་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་པར་བྱེད་པ། མགོ་རྩོམ་མཛད་སྒོར་ངོ་མཚར་ཆེ་ལ་བརྗེད་པར་དཀའ་བའི་དྲང་ནུས་ཆེན་པོས་ཁེངས་བར་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་ཕྱོགས་ཡོངས་ནས་མངོན་པར་བྱེད་པ། ལུས་རྩལ་གྱི་སྙིང་སྟོབས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་འབད་འབུངས་ཡར་བརྩོན་གྱིས་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་སྐུལ་མ་གཏོང་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།