ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ལྷོ་ཁུལ་གྱིས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་འཛུགས་སྐྲུན་གྱི་གྲོས་རིམ་གསར་སྐྲུན་དཔེ་སྟོན་ཁུལ་དེ་དུས་རིམ་གསར་བར་བསྐྱོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱིས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་དཔེ་སྟོན་ཁུལ་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་། ཤེས་གསལ་ལྟར་ན། མཚོ་ལྷོ་ཁུལ་ལ་བདེ་བླག་ངང་རྒྱལ་ཡོངས་ཀྱི་སྐོར་ཐེངས་གསུམ་པའི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་དཔེ་སྟོན་ཁུལ་གྱི་ཆོག་མཆན་ཐོབ་ཅིང་། མཚོ་སྔོན་ཞིང་ཆེན་གྱིས་ཚན་རྩལ་གསར་གཏོད་རང་འགུལ་ངང་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཁྲོད་འདྲེས་པའི་རྡོ་རིང་ལྟ་བུ་ཡིན་པའི་ཆ་ནས། འཛམ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་ཐད་བྱས་རྗེས་འཇོག་རྒྱུ་རེད། 

2017ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་གིས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་སྐྲུན་དཔེ་སྟོན་ཁུལ་འཛུགས་སྐྲུན་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ། 《མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱུན་མཐུད་འཕེལ་རྒྱས་འཆར་འགོད(2022-2030ལོ)》དང《མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་ཐབས(2022-2024ལོ)》འཐུས་ཚང་ཇེ་ལེགས་སུ་བཏང་བ་དང་། དམིགས་ཡུལ་ནི་སྐྱེ་ཁམས་སྲུང་སྐྱོང་གཏན་འཇགས་དང་སྐྱེ་ཁམས་ཞིང་ཕྱུགས་ལས། སྐྱེ་ཁམས་རིག་གནས་ཡུལ་སྐོར། དག་གཙང་ནུས་ཁུངས་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད། 《འཕེལ་རྒྱས་འཆར་འགོད》དང《འཛུགས་སྐྲུན་བྱེད་ཐབས》ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ལག་བསྟར་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ལྕགས་རི་སྲ་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་ཐོན་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་དང “ཐན་གཉིས”དམིགས་འབེན་མངོན་འགྱུར་ལ་རོགས་འདེགས་བྱེད་པ། དམངས་འཚོའི་བཅོས་སྐྱོང་ལ་མུ་མཐུད་དུ་སྐུལ་འདེད་དང་འཆམ་མཐུན་མཛེས་སྡུག་གི་མཚོ་ལྷོ་གསར་བ་འཛུགས་སྐྲུན་བྱེད་པ། ཚན་རྩལ་གསར་གཏོད་སྣེ་ཁྲིད་ལ་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆུ་ཚད་ཀྱི་ལས་འགན་ཆེན་པོ་བཞི་མཐོར་འདེགས་སུ་བཏང་ཞིང་། མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ལག་བསྟར་བྱེད་པ་དང་སྐྱེ་ཁམས་ཞིང་ཕྱུགས་ལས་ལྗང་མདོག་འཕེལ་རྒྱས། དཔལ་འབྱོར་འཕར་བསྣོན་བྱེད་ས་གསོ་སྐྱོང་། སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་དམངས་ཕན། ཚན་རྩལ་གསར་གཏོད་ཀྱི་གཞོགས་འདེགས་ཆེན་པོ་ལྔའི་འཛུགས་སྐྲུན་བྱས་ཏེ། གཙོ་གནད་ལས་གཞི་ཆེན་མོ14བཀོད་སྒྲིག་དང་གཙོ་གནད་ལས་གཞི37ལག་བསྟར་བྱས། 

མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་དཔེ་སྟོན་ཁུལ་གྱིས“གཙང་གསུམ་འབྱུང་ཡུལ་ས་ཁུལ་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”བརྗོད་དོན་དུ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་སྐུལ་འདེད་ལ་དམིགས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་སྲ་བརྟན་དུ་བཏང་ཞིང་། 2030ལོར་མཚོ་ལྷོ་ཁུལ་གྱིས་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་སྣེ་ཁྲིད་ཁུལ། མཐོ་སྒང་སྐྱེ་ཁམས་དང་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་མ་དཔེ་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་ལེགས་ཁུལ། རི་སྔོ་ཆུ་དྭངས་དེ་གསེར་རི་དངུལ་རིར་བསྒྱུར་བའི་ལག་ལེན་གསར་སྐྲུན་རྟེན་གཞི་བཅས་སུ་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱ་རྒྱུ་རེད།། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།