ཀྲུང་གོ་བོད་ཀྱི་དྲ་བ།

ཚེ་རིང་ཐར་གྱིས་མཚོ་ནུབ་ཁུལ་དུ་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་གྲོང་གསེབ་དར་སྤེལ་དང་རོང་འབྲོག་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་དགོས་ལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།

ཚེ་རིང་ཐར་སྔ་གཞུག་ཏུ་ཐེམ་ཆེན་རྫོང་གི་ཟས་སྤྱོད་ཤ་མོའི་རིགས་ཀྱི་འདེབས་འཛུགས་རྟེན་གཞི་དང་། ཕན་འབྲས་མཐོ་བའི་བོད་ལུག་གསོ་སྤེལ་རྟེན་གཞི། སྐྱེ་ལྡན་ལུད་རྫས་ཐོན་ལས་ཀྱི་ཁེ་ལས། ཝུའུ་ལན་རྫོང་གི་གྲོང་གསེབ་དར་སྤེལ་ཐོན་ལས་གླིང་། གྲོང་གསེབ་དར་སྤེལ་གྱི་ལས་གཞི་འཛུགས་སྐྲུན་ལས་ཡུལ་སོགས་སུ་སོང་ནས་རོང་འབྲོག་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། གྲོང་གསེབ་དར་སྤེལ་གྱི་ལས་གཞི་གཙོ་བོའི་འཛུགས་སྐྲུན་ལ་ལྟ་སྐུལ་འཛུབ་སྟོན་བྱས། ཁོས་ནན་གྱིས་བསྟན་དོན། ད་ལོའི་ཞིང་ལས་ལས་གཞི་གོ་རིམ་ལྡན་པའི་ངང་ལག་བསྟར་ཏན་ཏིག་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སང་ལོའི་ལས་གཞིར་འཆར་གཞི་འཐེན་ནས་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བར་རོགས་འདེགས་བྱེད་དགོས། མཚོ་ནུབ་ཀྱི་ཁྱད་མཚར་བའི་ཉི་འོད་དང་ས་གཞིའི་ལེགས་ཆ་འདོན་སྤེལ་བྱས་ནས་ཚྭ་འདམ་གཞུང་གི་འཕང་འབྲས་དང་ཚྭ་ཁའི་བོད་ལུག མཚོ་སྔོན་གྱི་ནས་གྲོ་སོགས་ཁྱད་ལྡན་ཐོན་ལས་བཟང་བོར་བསྒྲུབ་དགོས། ཁུལ་ཁུངས་ཀྱི་སྤྱི་བའི་ཚོང་རྟགས་བསྐྲུན་པར་དྲིལ་སྒྲོག་བྱེད་པ་དང་འདེབས་འཛུགས་ཐོན་ཁུངས་སྲུང་སྐྱོབ་དང་བཀོལ་སྤྱོད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཚོང་རྟགས་ཅན་དང་ཚད་ལྡན་ཅན་གྱི་ལམ་དུ་བསྐྱོད་དེ་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་དགོས། ནོར་སྲིད་སྦྲེལ་མཐུད་ཀྱིས་གྲོང་གསེབ་དར་སྤེལ་གྱི་ཁ་གསབ་མ་དངུལ་དོ་དམ་དང་བཀོལ་སྤྱོད་བྱེད་པར་ཤུགས་རྒྱབ་ནས། མང་ཚོགས་ཐོན་ལས་ལས་གཞིའི་ཟབ་ཞུགས་མཁན་ངོ་མ་དང་ཁེ་ཕན་མྱོང་མཁན་ངོ་མ་རུ་འགྱུར་བར་བྱེད་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།