ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ལིན་ཧུའུ་ཡིས་ཟི་ལིང་གྲོང་ཁྱེར་གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ལིན་ཧུའུ་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ས་ཁུལ་ཝུན་ཐིན་སྲང་ལམ་གཞིས་ཁུལ་དང་རྣམ་རྒྱལ་ལམ་མངག་གཏོང་ཁང་།   སྐུ་འབུམ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་སོགས་སུ་སོང་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།   ཝང་ལིན་ཧུའུ་ཡིས་ནན་གྱིས་བསྟན་དོན།     ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་།     གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ།   གཞི་རིམ་སྲུང་སྐྱོབ་བརྟན་འཇགས་ཀྱི་འགོག་ཐིག་བརྟན་པོར་སྲུང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བདེ་འཇགས་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས་ཟེར།

ཝུན་ཐིན་སྲང་ལམ་གཞིས་ཁུལ་དུ་རྟོག་ཞིབ་བྱེད་སྐབས།   ཝང་ལིན་ཧུའུ་ཡིས་གཞིས་ཁུལ་གྱི་ཏང་འཛུགས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་བྱ་བར་ཁྲིད་སྟོན་བྱས་པར་རྒྱུས་ལོན་ཞིབ་མོ་བྱས་རྗེས་ནན་གྱིས་བསྟན་དོན།   ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཝུན་ཐིན་སྲང་ལམ་གཞིས་ཁུལ་དུ་གཟིགས་ཞིབ་མཛད་སྐབས་བཏོན་པའི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ་ཧུར་ཐག་གིས་གཞི་རིམ་ཏང་རྩ་འཛུགས་ཞེས་པའི་བཙན་རྫོང་འདི་སྔར་ལས་སྟོབས་ལྡན་དུ་གཏོང་དགོས་པ་དང་།    གཞི་རིམ་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་བྱེད་པའི་མང་ཚོགས་རང་སྐྱོང་རྐྱེན་སྲོལ་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ།    གཞིས་ཁུལ་གྱི་བྱ་བ་བཟང་བོར་སྒྲུབ་སྟེ་གཞིས་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཡུལ་ས་གལ་ཆེན་ཏུ་བརྩིས་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱ་བའི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་དགོས་ཟེར།

རྣམ་རྒྱལ་ལམ་མངག་གཏོང་ཁང་དང་ཧྲང་ཞིན་ཀྲོང་གྲོང་རྡལ་ཁྲིམས་འཛིན་ཁང་དུ་རྟོག་ཞིབ་བྱེད་སྐབས།   ཝང་ལིན་ཧུའུ་ཡིས་མངག་གཏོང་ཁང་དང་ཁྲིམས་འཛིན་ཁང་རང་སྟེང་གི་འཛུགས་སྐྲུན་དང་རིགས་སོ་སོའི་ལས་སྒོའི་བྱ་བ་སྤེལ་བའི་གནས་ཚུལ་ཞིབ་འདྲི་བྱས།  ཁོས་ནན་གྱིས་བསྟན་དོན།   བྱ་བའི་ཁྲོད་དུ་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་དགོས་པར་མ་ཟད།    ལས་སྒོར་བརྟེན་ནས་ཉེན་རྟོག་པ་སྟོབས་ལྡན་དུ་གཏོང་བར་ཡང་མཐོང་ཆེན་བྱེད་དགོས་ལ། གཟབ་ནན་གྱིས་ཁྲིམས་འཛིན་པར་མཐོང་ཆེན་བྱེད་དགོས་པ་དང་།   སྤྲོ་སེམས་འཁོལ་བའི་ངང་ཞབས་འདེགས་ཞུ་བར་ཡང་མཐོང་ཆེན་བྱེད་དགོས།  ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་གཏོང་བར་མཐོང་ཆེན་བྱེད་དགོས་པ་དང་ཁྲིམས་འགལ་ནག་ཉེས་སྔོན་འགོག་བྱེད་པར་ཡང་མཐོང་ཆེན་བྱས་ཏེ་མང་ཚོགས་ཀྱི་བདེ་ཚོར་དང་ཡིད་ཚིམས་ཚད་མཐོ་རུ་གཏོང་དགོས།    ངེས་པ་དོན་གྱིས་ཁྲིམས་རྩོད་པ་དང་གཞུང་དཔང་།   ཁྲིམས་འཛིན་གསལ་འབྱེད་སྡེ་ཁག་གི་དོ་དམ་དང་ཞབས་ཞུར་ཤུགས་སྣོན་པ་དང་།   ལས་རིགས་ཀྱི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་སྔར་ལས་མཐོང་ཆེན་བྱེད་པ།   བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་དབང་གྲགས་ལ་རང་རྟོགས་ཀྱིས་སྲུང་སྐྱོབ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།