ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅོ་བརྒྱད་པའི་མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་ཚོགས་དང་སྐབས་བཞི་བའི་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་བྱ་བའི་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས19ཉིན། སྐབས་བཅོ་བརྒྱད་པའི་མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་ཚོགས་དང་སྐབས་བཞི་བའི་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་བྱ་བའི་གྲོས་ཚོགས་བསྡུས་ཏེ། འགྲན་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ཉན་པ་དང་། རྗེས་མའི་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ལུས་རྩལ་འགྲན་ཚོགས་དང་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་ནི་ཞིང་ཆེན་ཡོངས་ཀྱི་ཚད་གཞི་དང་ཆུ་ཚད་ཆེས་མཐོ་ཤོས་དང་། གཞི་ཁྱོན་དང་ཤན་ཤུགས་ཆེས་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་རེ་སྨོན་བཅངས་སའི་དགྱེས་སྟོན་ཞིག་ཏུ་གྱུར་ཡོད། སྐབས་འདིའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་དང་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་བསྡུས་པ་དེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཐེངས་བཅུ་བཞི་བའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམིགས་ནས། ལོ་ཧྲིལ་བོའི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་ཐད་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན། 

གྲོས་ཚོགས་ལས་བསྟན་དོན། དེང་སྐབས་འགྲན་བསྡུར་ལས་དོན་དེ“གནས་སྐབས་སུ་སྤེལ་བཞིན་པའི”གནས་བབ་དུ་གནས་ཡོད་པ་དང་། “བདེ་འཇགས་དང་ གྲོན་ཆུང་། ཕུན་སུམ་ཚོགས་པའི”རྩ་དོན་བསམ་ནས། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བ། བླང་བྱ་ནན་མོ་བཅས་ཀྱིས་འགྲན་བསྡུར་ལས་དོན་རྩ་འཛུགས་དང་།མགོ་རྩོམ་དང་མཇུག་སྒྲིལ་མཛད་སྒོ་སྤེལ་བ། ཁོར་ཡུག་གསར་སྐྲུན། རིམས་ནད་འགོག་སྡོམ། བདེ་འཇགས་འགན་སྲུང་སོགས་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་ནས། “སྐྱེ་ཁམས་ཀྱི་མཚོ་སྔོན་གསར་བ་དང་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས། བདེ་ཐང་གི་མ་འོངས་པར་ཕྱོགས་པའི”འགྲན་བསྡུར་ལས་དོན་འདུ་ཤེས་ཀྱིས། ཁྱོན་ཡོངས་ནས“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བའི”སྣང་བརྙན་མངོན་དགོས་ཞེས་བསྟན། གྲོས་ཚོགས་ལས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལས་ཁུངས་སོ་སོ་དང་འགན་སྒྲུབ་ས་གནས་ཀྱིས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། རང་འགུལ་སྒོས་བྱེད་སྟངས་ཕྲག་ཏུ་བླངས་ནས། ཕན་ནུས་མཐོ་ཞིང་མཐུན་སྦྱོར་དང་གོ་རིམ་ལྡན་པའི་ངང་བྱ་བ་སོ་སོར་སྐུལ་འདེད་བཏང་སྟེ། ཁྱད་ཆོས་ལྡན་ཞིང་ཆུ་ཚད་མངོན་པར་འབད་བརྩོན་བྱས་ནས། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས་པའི་བླང་བྱ་བཏོན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།