ཀྲུང་གོ་བོད་ཀྱི་དྲ་བ།

རྫ་སྟོད་རྫོང་གིས་རྒྱལ་ཁབ་སྤྱི་གླིང་མཉམ་སྐྲུན་ཟླ་བའི་བྱ་འགུལ་སྤེལ་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

52cac01bedec931cc0d508530a762c6.jpg

པར་འདི་སྐྱེ་ཁམས་དོ་དམ་པས་སྐྱིད་གནམ་གཞུང་དུ་གད་སྙིགས་གཙང་སེལ་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས18ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་མགོ་ཁུངས་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་རྒྱལ་ཁབ་སྤྱི་གླིང་མཉམ་སྐྲུན་ཟླ་བའི་བྱ་འགུལ་རྫ་སྟོད་རྫོང་དུ་སྤེལ་མགོ་བརྩམས། ཐེངས་འདིའི་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་མགོ་ཁུངས་ས་ཁུལ་འཛུགས་སྐྲུན་གྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ་དང་། རྫ་སྟོད་རྫོང་གིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐད་བླངས་པའི་གྲུབ་འབྲས་འགྲེམས་སྟོན་བྱ་རྒྱུ་དེ་ཡིན།

བྱ་འགུལ་སྤེལ་བའི་མཛད་སྒོའི་སྟེང་། 2021ལོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་ཁྲོད་བྱས་རྗེས་འབུར་ཐོན་བཞག་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར། 2016ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པའི་ཚུན་གྱི་ཆེས་མཛེས་པའི་སྐྱེ་ཁམས་དོ་དམ་པར་གཟེངས་བསྟོད་བྱས་པ་དང་། མཛད་སྒོ་མཇུག་རྫོགས་རྗེས། བྱ་འགུལ་ལ་ཞུགས་པའི་མི་སྣ་དང་སྐྱེ་ཁམས་དོ་དམ་པའི་འཐུས་མིས་སྐྱིད་གནམ་གཞུང་དུ་གཅིག་བསྡུས་སྒོས་སྐོར་ཞིབ་དང་གད་སྙིགས་གཙང་སེལ་གྱི་བྱ་འགུལ་སྤེལ། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་པ་མ་ཟད། སྐྱེ་ཁམས་དོ་དམ་པ་རྩ་འཛུགས་བྱས་ཏེ་གད་སྙིགས་གཙང་སེལ་དང་སྐོར་ཞིབ་དོ་དམ་སོགས་ཀྱི་བྱ་འགུལ་སྤེལ། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།