ཀྲུང་གོ་བོད་ཀྱི་དྲ་བ།

​སྡེ་སྲོལ་དམངས་ཆིངས་ཀྱིས་གྲོང་གསེབ་དར་སྤེལ་ལ་གསོན་ཤུགས་བསྩལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20220718170234.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། རིག་ལྡན་རྒྱ་མཚོ།)ཟླ7པའི་ཚེས15ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གི་བོད་འབྲེལ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དཔེ་སྟོན་རྫོང་གསར་སྐྲུན་དང་། སྡེ་བ་རིམ་པའི་བཅོས་སྐྱོང་ཚད་ལྡན་ཅན་མ་ལག་གི་མགོ་རྩོམ་མཛད་སྒོ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་བད་ཁོ་སྡེ་བར་སྤེལ།

微信图片_20220718170241.jpg

ཐེངས་འདིའི་བྱ་འགུལ་འདིས་བད་ཁོ་སྡེ་བའི་གྲོང་གསེབ་དར་སྤེལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་སྒོ་མོ་ཕྱེ་བ་མ་ཟད། ཐུན་ཏེ་རྫོང་གིས་དཔེ་སྟོན་རྫོང་གསར་སྐྲུན་བྱེད་པའི་བགྲོད་ལམ་སྟེང་གི་གནད་འགག་གི་རིམ་པ་ཞིག་ཀྱང་ཡིན་པ་རེད།

微信图片_20220718170244.jpg

2019ལོ་ནས་བཟུང་། ཐུན་ཏེ་རྫོང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཕན་རོས་ཁྲིམས་རྩོད་ལས་སྒྲུབ་ཚོགས་པ་བརྒྱུད་དེ། སྔ་གཞུག་ཏུ་སྡེ་བ་འགའ་རུ་སྡེ་སྲོལ་དམངས་ཆིངས་ཀྱི་ལས་གཞི་ལག་བསྟར་བྱས། 

微信图片_20220718170247.jpg

ཁྲིམས་རྩོད་ཞབས་ཞུ་རུ་ཁག་གིས་སྡེ་བའི་དུད་ཁྱིམ་དུ་སོང་ནས། སྡེ་དམངས་ཀྱི་དོན་དངོས་དགོས་མཁོར་རྒྱུས་ལོན་བྱས་ཏེ། སྡེ་སྲོལ་དམངས་ཆིངས་ཀྱི་སྒྲིག་སྲོལ་ལེགས་པོ་ཞིག་སྒྲིག་བཟོ་བྱས། རྗེས་མར། ཐུན་ཏེ་རྫོང་གིས་རང་ཉིད་སྐྱོང་བ་རྨང་གཞི་དང་། ཁྲིམས་སྐྱོང་སྲོག་ཤིང་། དེ་མིན་ཀུན་སྤྱོད་ཀྱིས་སྐྱོང་བ་སྔོན་འགྲོ་བྱས་ནས། གསུམ་སྐྱོང་མཉམ་འདྲེས་ཀྱི་རྣམ་པ་ཆགས་སུ་བཅུག་ཅིང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་སྟེ། གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་སྤེལ་གཉིས་ཟུང་འབྲེལ་སྒོས། དུས་རབས་གསར་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་ཏུ་གཏོང་རྒྱུ་རེད།  །

微信图片_20220718170252.jpg

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།