ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཐའོ་ཡིས་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་མུ་རི་གཏེར་ཁུལ་གྱི་ཅང་ཚང་ཁྲོན2པའི་རྩྭ་འདེབས་ལྗང་བསྒྱུར་ཚོད་ལྟ་བྱེད་ས་དང་ཨང་རྟགས4པ་དང་། 5པ། ཅུའུ་ཧུའུ་ཀིན་ཨང་རྟགས3པ། 9པར་རྟོག་ཞིབ་བྱས་ཤིང་། ཡུལ་དངོས་ནས་རྩྭ་འདེབས་སླར་གསོ་འདེབས་འཛུགས་དང་། ལུད་རྫས་འཇོག་པ། རྩྭ་འདེབས་ལྗང་བསྒྱུར་ཚོད་ལྟའི་ལྟ་སྐུལ་ཚད་ལེན། སྐྱེ་ཁམས་ཁོར་ཡུག་གནོད་འཚེའི་སྐྱིན་ཚབ་འཇལ་བ་སོགས་ཀྱི་གནས་ཚུལ་ཐད་རྟོག་ཞིབ་བྱས་ཤིང་། ད་ཡོད་ཀྱི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་། བཅོས་སྐྱོང་མཐོར་འདེགས། ཚད་གཞི་མཐོ་བའི་སྒོ་ནས་བཅོས་སྐྱོང་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་དགོས་ཞེས་ནན་གྱིས་བསྟན། 

ལིའུ་ཐའོ་ཡིས་བསྟན་དོན། ད་ལོའི་རིང་ལ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་མཐའ་གཅིག་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་བླང་བྱ་ལྟར། ཕན་ཚུན་མཐུན་སྦྱོར་དང་། འབྲེལ་འདྲིས་དམ་ཟབ། མུ་མཐུད་དུ་མཁྲེགས་གཏོར་བྱས་ཏེ། དཀའ་སྡུག་གི་བྱ་བ་མང་པོ་སྒྲུབ་ནས། ཁྱོན་ཡོངས་ནས་མུ་རི་གཏེར་ཁུལ་གྱི2022ལོའི་རྩྭ་འདེབས་སླར་གསོ་དང་། ལུད་རྫས་འཇོག་པའི་ལས་འགན་ལེགས་འགྲུབ་བྱས་ནས། དུས་རིམ་རང་བཞིན་གྱི་དམིགས་འབེན་མངོན་འགྱུར་བྱུང་། 

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ་བྱེད་པ་ནི‘རྒྱལ་དོན་གྱི་ཆེ་ཕྱོགས’”ཀྱི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས། “དུས་ནམ་ཡང་སེམས་བདེ་ལ་འབབ་མི་ཐུབ་པའི”འགན་འཁྲིས། ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། མིའི་ཐབས་ལ་བརྟེན་ནས་སླར་གསོ་བྱེད་པ་དེ་རང་བྱུང་སླར་གསོའི་རྨང་གཞིར་བཞག་ནས། འགྱོད་སེམས་དང་མཇུག་ལེགས་པོ་སྒྲིལ་བར་ཁག་ཐེག་བྱེད་དགོས། ནགས་དཔོན་ལམ་ལུགས་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་སྒོས། རྒྱུན་རྣམ་ཅན་གྱི་སྐོར་ཞིབ་དོ་དམ་སྲུང་སྐྱོང་འགན་འཁྲི་དོན་འཁྱོལ་དང་། སྐྱེ་ཁམས་དཔྱད་འཇོག་བྱ་བ་སྤེལ་ཏེ། དུས་ཐོག་ཏུ་སྐྱོན་ཆ་ཁ་གསབ་དང་། ཚོད་ལྟ་བྱེད་སའི་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན་ཏེ། དུས་རིམ་སྔོན་མའི་ཕན་འབྲས་བརྩོན་ལེན་བྱེད་པ་དང་།སྔར་ལས་མང་པོའི་གྲུབ་འབྲས་ཉམས་མྱོང་བསགས་དགོས། སྔོན་དཔག་གི་དཔྱད་འཇོག་བྱས་ཏེ། ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་ནས། སྐྱེ་དངོས་ལྗང་བསྒྱུར་གྱིས་བདེ་འཇགས་ངང་དགུན་སྐྱེལ་བར་ཁག་ཐེག་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེའི་གྱོང་གུད་ལ་སྐུལ་འདེད་བཏང་ནས། གྲོས་རིམ་ཇེ་མགྱོགས་སུ་བཏང་སྟེ། སྔ་མོ་ནས་སྐྱིན་ཚབ་འཇལ་བའི་གྲོས་གཞིར་གྲོས་འཆམ་བྱུང་བ་དང་།ཁྲིམས་ལྟར་མུ་རིའི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གནོད་འཚེའི་སྐྱིན་ཚབ་འཇལ་གང་ནུས་བྱས་ནས། ཕྱོགས་བསྡུས་བཅོས་སྐྱོང་སྐུལ་འདེད་ཀྱིས་དུས་ལྟར་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།