ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་ཁྱོན་ཡོངས་ནས་མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་རྒན་གསོའི་འགན་བཅོལ་རེ་ཞུ་རྩིས་སྤྲོད་བྱ་བ་མངོན་འགྱུར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས14ཉིན། གསར་འགོད་པས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ནས་ཤེས་གསལ་ལྟར་ན། ཟླ7པའི་ཚེས1ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་མཁར་གྲོང་སྡོད་དམངས་ཀྱིས་རང་འགུལ་སྒོས་ཁྲལ་དོན་སྡེ་ཁག་ཏུ་མ་མཐའི་རྒན་གསོའི་འགན་བཅོལ་འགྲོ་གྲོན་རེ་ཞུ་རྩིས་སྤྲོད་མངོན་འགྱུར་བྱུང་། ཟླ4བ་ནས་ཚོད་ལྟ་བྱས་པ་ནས་ཟླ6པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་འགྲོ་གྲོན་ཧ་ལམ་ཡོང་སྒོ་སྒོར་དུང་ཕྱུར1.1ཡིན་པ་དང་། གྲོན་དངུལ་སྤྲོད་པའི་མི་ཁྲི31གིས“ཕྱོགས་གཉིས་སུ་རྒྱུགས་པ”མཚམས་བཞག་ནས། “རང་ཉིད་ཀྱི་ཞུ་སྤྲོད”མངོན་འགྱུར་བྱུང་། འདིས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་སྤྱི་ཚོགས་འགན་བཅོལ་འགྲོ་གྲོན་རང་ཉིད་ཀྱི་རྩིས་སྤྲོད་བྱེད་པའི་བཅོས་བསྒྱུར་གོམ་སྟབས་ལ་སྐུལ་འདེད་བཏང་ནས། ཁྱོན་ཡོངས་ནས་རྣམ་པ་གསར་བའི་དུས་རིམ་རང་བཞིན་གྱི་དམིགས་འབེན་མངོན་འགྱུར་བྱུང་བ་མཚོན། 

མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས《སྔར་ལས་ལྷག་པའི་སྒོ་ནས་ཁྲལ་བསྡུ་དོ་དམ་བཅོས་བསྒྱུར་ཟབ་སྤེལ་གཏོང་བའི་སྐོར་གྱི་བསམ་འཆར》དང་མཐུད་སྦྲེལ་བྱེད་པར་དོ་སྣང་བྱས་ཏེ། མུ་མཐུད་དུ“ངོ་ཐུག་མིན་པའི”ཞབས་ཞུའི་ཁྱབ་ཁོངས་ཆེ་རུ་བཏང་སྟེ། “ཚོམས་ཁང་གཅིག་ནས་མཉམ་འབྲེལ་སྒོས་སྒྲུབ་པ”དང“སྒེའུ་ཁུང་གཅིག་ནས་མཉམ་སྒྲུབ”ཀྱི་གྲོན་དངུལ་སྤྲོད་པའི་རྨང་གཞིའི་སྟེང་། ཕན་ནུས་ལྡན་པའི་སྒོ་ནས་དངུལ་ཁང་གི་དྲ་གནས་དང་། “ཁ་པར་ལས་སྒྲུབ”སྐད་འཕྲིན། རྩིས་སྤྲོད་ནོར་བུ། རང་འགུལ་མཐའ་གནས་སོགས་དྲ་ཐོག་དང་ཡུལ་དངོས་ཀྱི་རྩིས་སྤྲོད་སྟེགས་བུའི་བྱེད་ནུས་སྤྱད་དེ། རྩིས་སྤྲོད་བགྲོད་ལམ་ཤར་གཏོང་དང་། གྲོན་དངུལ་སྤྲོད་པར་རྒྱུགས་མི་དགོས་པར་བྱས། 

རྗེས་མར། མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་མུ་མཐུད་དུ“ཁྲལ་གྲོན་གཙོར་འཛིན་པའིའདུ་ཤེས་ཀྱིས། རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། དོ་དམ་ཚད་ལྡན་དུ་གཏོང་བ། ཉེན་ཁ་འགོག་སྲུང་བྱས་ནས། སྤུས་ཚད་མཐོར་འདེགས་ཐད་ཀྱི་ཕྱོགས་འགའ་དམ་འཛིན་སྒོས། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་བསྡུ་ལེན་དོ་དམ་བྱ་བ་ལེགས་པོར་སྒྲུབ་ནས། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྤྲོད་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་དང་། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྤྲོད་པའི་སྲིད་ཇུས་དྲིལ་སྒྲོག་ཤུགས་ཚད་ཆེ་རུ་བཏང་སྟེ། གྲོན་དངུལ་སྤྲོད་པའི་དཀའ་ཁག་སེལ་བ་དང་། བྱེད་ཐབས་ཇེ་ལེགས་སུ་བཏང་སྟེ། དམངས་འཚོའི་འགན་སྲུང་སྔར་ལས་ནུས་ལྡན་ཡོང་བར་ཁག་ཐེག་བྱས་ཏེ། མང་ཚོགས་ཀྱི་ལས་སྒྲུབ་སྔར་ལས་སྟབས་བདེ་རུ་གཏོང་རྒྱུ་རེད། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།