ཀྲུང་གོ་བོད་ཀྱི་དྲ་བ།

ཏ་ཐུན་རྫོང་གིས་ཤུགས་ཆེན་པོས་མཐོ་སྒང་གི་ལྗང་མདོག་ལུང་པ་བསྐྲུན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1a494703-8544-4a20-80c6-60e8799ac708.jpg

ལྗང་མདོག་རྣམ་པར་རྒྱས་པའི་དམག་དཔོན་ལུང་པ་སྡེ་བ།

ཉེ་བའི་ལོ་འདི་འགར། ཟི་ལིང་གྲོང་ཁྱེར་ཏ་ཐུན་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་མཐོ་སྒང་ལྗང་བསྒྱུར་འགུལ་སྐྱོད་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། མཐོ་སྒང་གི་ལྗང་མདོག་ལུང་པ་དང་དག་གཙང་གྲོང་ཁྱེར་བསྐྲུན་པའི་ཁྲོད་འཇུག་གཞི་དང་འདྲེས་གཞི་ཞིབ་འཚོལ་བྱས་ཤིང་། ནགས་སྲུང་རྩྭ་སྲུང་ལམ་ལུགས་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པ་དང་། རང་བྱུང་ནགས་ཀྱི་ཐོན་ཁུངས་སྲུང་སྐྱོབ་དང་བྱང་གསུམ་འགོག་སྲུང་ནགས་འཛུགས་སྐྲུན་སོགས་ནགས་ལས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་བཟོ་འགོད་དངོས་འབེབས་བྱས་ཏེ། རྒྱལ་ཁོངས་ལྗང་བསྒྱུར་ལས་འགན་སྤྱི་ཆིང32146ལེགས་འགྲུབ་བྱས་ནས། ནགས་ཚལ་གྱི་ཁེབས་ཚད43%དུ་སླེབས་པས། ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་རྫོང་གི་ཨང་དང་པོར་གྱུར་ཡོད། རྨད་བྱུང་གི་རང་བྱུང་སྐྱེ་ཁམས་དང་ཞིང་སྡེའི་ཡུལ་ལྗོངས། སྤྱི་ཚོགས་རིག་གནས་ཀྱི་རྗེས་ཤུལ། དམངས་སྲོལ་རིག་གནས་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས། ཏ་ཐུན་རྫོང་གིས་ཤུགས་ཆེན་པོས་གྲོང་གསེབ་ཡུལ་སྐོར་གོང་དུ་སྤེལ་ནས། སྐྱེ་ཁམས་སྤྲོ་གསེང་དང་ཞིང་ལས་ལྟ་སྐོར། ཁམས་གསོའི་གུང་གསེང་། རིག་གནས་ཉམས་ལེན་སོགས་རིགས་དང་རྣམ་པ་མི་འདྲ་བའི་གྲོང་གསེབ་ཡུལ་སྐོར་ཐོན་རྫས་བསྐྲུན་ཏེ། གྲོང་གསེབ་དར་སྤེལ་ལ་སྔར་བས་སྐུལ་སྤེལ་བྱས།

8181596f-f3d3-4c5a-8f3a-154e44b20015.jpg

ཡུལ་སྐོར་པ་རྣམས་ཀྱིས་ཏ་ཐུན་རྫོང་ཆའོ་ཐོའུ་གྲོང་རྡལ་ཨན་མོན་ཐན་ནུབ་རིའི་ཚད་མཐོའི་ནགས་སྐྲུན་གནས་ཡུལ་དུ་དྲན་རྟེན་འདྲ་པར་སྐྱོན་བཞིན་པ།

1d4a363a-40d6-4fba-9f4b-5e7c9546dacb.jpg

ཏ་ཐུན་རྫོང་ཆའོ་ཐོའུ་གྲོང་རྡལ་ཨན་མོན་ཐན་ནུབ་རིའི་ཚད་མཐོའི་ནགས་སྐྲུན་གནས་ཡུལ།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།