ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱིས་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་དང་སི་ཁྲོན་ཞིང་ཆེན་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཨུ་ལྷན་གཉིས་ཀྱིས་སྤེལ་བའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་དོན་སྤེལ་རེས་བཞུགས་མོལ་ཚོགས་འདུ་དང《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན》(གཤམ་དུ《གྲོས་མཐུན》ཞེས་བསྡུ་རྒྱུ)ཆིངས་ཡིག་འཇོག་པའི་མཛད་སྒོ་བསྡུས། 

ཐེངས་འདིའི་མཉམ་ལས་ནི་ས་གནས་གཉིས་ཀྱི་འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་བཏང་ནས། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་། མཉམ་ལས་ཀྱི་རིམ་པ་མཐོར་འདེགས། མཉམ་ལས་ཀྱི་ཁྱབ་ཁོངས་ཆེ་རུ་གཏོང་བ། མཉམ་ལས་ཀྱི་ནང་དོན་ཇེ་ཟབ་ཏུ་གཏོང་བ། མཉམ་ལས་ཀྱི་གྲུབ་འབྲས་མཐོ་རུ་གཏོང་བ་བཅས་བྱས་ཏེ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་མཉམ་བཅོས་མཉམ་སྤྱོད་ཀྱི་རྣམ་པ་གཏོད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་གཉིས་ཀྱི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ཁྱབ་ཁོངས་ཀྱི་བྱ་བ་མཐུན་སྦྱོར་སྒོས་འཕེལ་རྒྱས་དང་། ལེགས་ཆ་གསབ་རེས་བྱས་ནས་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་བྱ་བའི་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། དུས་རབས་གསར་པའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་བྱ་བའི་གྲུབ་འབྲས་ཀྱི་བྱེད་ཐབས་ཁྱོན་ཡོངས་ནས་ལེགས་པར་བསྒྲུབ་ཆེད། སི་ཁྲོན་དང་མཚོ་སྔོན་གཉིས་ཀྱིས་མཉམ་གཅིག་ཏུ་འཛད་སྤྱོད་ཁེ་དབང་ཞབས་ཞུའི་ཚུ་ཚད་མཐོ་རུ་གཏོང་བ་དང་། འཛད་སྤྱོད་པའི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་ཆེད། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྔར་ལས་ལྷག་པའི་རྨང་གཞི་བརྟན་པོ་བཏང་། 

《གྲོས་མཐུན》ནང་ཕྱོགས་གཉིས་ཀས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་ཆ་འཕྲིན་མཉམ་སྤྱོད་དང་སྤེལ་རེས་ལ་ཤུགས་སྣོན་དང་། འཛད་སྤྱོད་ཁྲོམ་ར་དར་རྒྱས་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་བ། འཛད་སྤྱོད་ཞུ་གཏུག་རྩོད་གཞི་འདུམ་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཚོང་ཟོག་ཞབས་ཞུ་ལ་སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱེད་པར་ཤུགས་སྣོན་དང་། འཛད་སྤྱོད་དྲིལ་སྒྲོག་སློབ་གསོ་སྤེལ་བ་བཅས་ཕྱོགས་ལྔའི་ཐད་ནས་མཉམ་ལས་ལམ་སྲོལ་གཏིང་ཟབ་ཏུ་གཏོང་བ་གསལ་བོར་བཏོན། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱ་བའི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བཙུགས་པ་བརྒྱུད་ནས། སི་ཁྲོན་དང་མཚོ་སྔོན་གྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་འབྲེལ་གཏུག་གཞུང་ལས་ཁང་འཛུགས་པ་དང་། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་དྲིལ་སྒྲོག་འབྲེལ་གཏུག་ལམ་སྲོལ་སོགས་ཀྱི་བྱ་ཐབས་སྤྱད་དེ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ཐུན་མོང་སྒོས་སྲུང་སྐྱོང་བཟང་པོ་བྱ་རྒྱུ་རེད།

རྗེས་མར་མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་དང་སི་ཁྲོན་ཞིང་ཆེན་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཨུ་ལྷན་གྱིས་ས་གནས་གཉིས་ཀྱི་ས་ཁོངས་ལས་བརྒལ་བའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་མཉམ་ལས་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་། འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་ཐོན་ཁུངས་མཉམ་སྤྱོད་དང་ས་ཁོངས་མཉམ་འགུལ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ། ས་གནས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བདེ་བོའི་སྒོ་ནས་འཛད་སྤྱོད་ཁོར་ཡུག་མཉམ་དུ་འཛུགས་སྐྲུན་བྱེད་པ། ས་གནས་གཉིས་ཀྱི་དཔལ་འབྱོར་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བར་རམ་འདེགས་བྱེད་པ་བཅས་བྱས་ནས། ཞིང་ཆེན་གཉིས་ཀྱི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།