ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་བྱེད་ཐབས་མང་པོ་སྦྲགས་ནས“མཚོ་སྔོན་གྱི་བྱེད་ཐབས་བཅུ”དངོས་འབེབས་དངོས་གཉེར་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས30ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། ཁེ་ལས་ལ་རོགས་རམ་དང་དཀའ་ངལ་སེལ་བའི་སྲིད་ཇུས་དངོས་འབེབས་ཀྱི“མཇུག་མཐའི་ལེ་བར་གཅིག”གི་གནད་དོན་ཤུགས་བཏོན་ནས་ཐག་གཅོད་བྱ་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི《མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ལ་རོགས་རམ་དཀའ་སེལ་དང་ཚོང་རའི་བྱེད་པོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་བཅུ》སོགས་སྲིད་ཇུས་དྲིལ་སྒྲོག་གི་བརྒྱུད་ལམ་གསར་པ་དང་རྣམ་པ་གསར་པའི་འཚོལ་ཞིབ་ལྷུར་བླངས་པ། ཚོགས་དགར་ཅན་དང་སྒེར་གཤིས་ཅན། ཞིབ་ཚགས་ཅན། གནད་འཁེལ་ཅན་གྱི་དྲིལ་སྒྲོག་ཤུགས་ཆེན་པོས་སྤེལ་པ། ཁེ་ལས་ལ་རོགས་རམ་དཀའ་སེལ་སྲིད་ཇུས་དྲིལ་སྒྲོག“ཞིང་སར་ཆུ་འདྲེན་པའི་རྣམ་པ”ནས“ཆུ་གཏུག་པ་ཟུང་འབྲེལ་གྱི་རྣམ་པར”བསྒྱུར་བ། མང་ཚོགས་དང་ཁེ་ལས་ཀྱི་ཤེས་ཕྱོད་དང་ཐོབ་སྣང་ངེས་པ་དོན་གྱིས་མཐོར་བཏེགས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་གཞི་རྐང་བརྟན་པོར་མྱུར་ཏུ་བཟོས། 

ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་ཞིང་ཆེན་སྲིད་དོན་ཞབས་ཞུ་ལྟ་རྟོག་དོ་དམ་ཅུའུ་དང་། གློག་འཕྲིན་དང་སྤོ་སྒུལ། འབྲེལ་གཏོང་བཅས་གཉེར་སྐྱོང་ཆེན་མོ་གསུམ་དང་མཐུན་སྦྱོར་གྱིས། ཉིན་རེར་ཆད་པ་མེད་པར་བརྙན་ཐུང་དྲིལ་སྒྲོག་གཏོང་བ་དང་། ཆད་པ་མེད་པར་བརྡ་འཕྲིན་དྲིལ་སྒྲོག་བསྐུར། སེམས་ཞིབ་མོས་དྲིལ་སྒྲོག་ལག་དེབ་ཁྲི1ལྷག་རྩོམ་སྒྲིག་པར་སྐྲུན་བྱས་པ་དང་། ཞིང་ཆེན་སྲིད་གཞུང་སྲིད་དོན་ཞབས་ཞུ་ཚོམས་ཆེན་དང་། ཟི་ལིང་གྲོང་ཁྱེར་གྲོང་མིའི་ལྟེ་གནས་དང་དེའི་ཁོངས་གཏོགས་ས་ཁུལ་རྫོང་གི་སྲིད་འཛིན་ཞབས་ཞུ་ལྟེ་གནས་དང་། ཁྲལ་སྒྲུབ་ཚོམས་ཆེན་སོགས་དམངས་དོན་སྒྲུབ་པའི་ཞབས་ཞུ་སྒེའུ་ཁུང་བཅས་སུ་བསྐྱལ་ཏེ། ཚོང་རའི་བྱེད་པོ་དང་མང་ཚོགས་ཀྱིས་དུས་ཐོག་ཏུ་འབྲེལ་ཡོད་ཁེ་ལས་ལ་ཕན་པ་དང་དཀའ་སེལ་སྲིད་ཇུས་རྒྱུས་ལོན་དང་བེད་སྤྱོད་ལ་སྟབས་བདེ་བཟོས། “12345”ལས་ཐོན་བསྐྱར་འཛུགས་ཞབས་ཞུ་སྐུད་ལམ་སྒོ་ཕྱེ་བ་དང་། ཁེ་ལས་ལ་རོགས་རམ་དཀའ་སེལ་སྲིད་ཇུས་ཀྱི་འབྲེལ་གཏུག་པ་བསྒྲགས་ཤིང་། “གནས་ཚུལ་ཅི་འདྲ་ཡིན་ན་རེ་འདུན་ཞུ་ཆོག་པ”དང་། “ཁ་གསབ་ཐོབ་པའི་མང་ཉུང་།” “ཁྲལ་ཆག་རིན་ཕབ་ལ་རྒྱུ་ཆ་གང་དགོས་པ།” “གོ་རིམ་ཇི་ལྟར་ཡིན་པ།” “གང་དུ་སོང་ནས་རེ་འདུན་སྒྲུབ་ཆོག་པ”སོགས་ཚོང་རའི་བྱེད་པོ་དང་མང་ཚོགས་ཀྱི་སེམས་ཁྲེལ་དང་དོ་སྣང་བྱེད་པའི་གནད་དོན་དུས་ཐོག་ལན་བཏབ་སྟེ། སྲིད་ཇུས་ཀྱི་རྨོངས་པ་སེལ། སྲིད་ཇུས་དྲིལ་སྒྲོག་གི་སྲིད་ཇུས་གཅིག་ལ་དྲིལ་སྒྲོག་གཅིག་སྒྲུབ་ཐུབ་པར་རྒྱུན་འཁྱོངས་བྱས་ཏེ། ཡིག་ཆ་ཕྱིར་བཏོན་པ་དང་མཉམ་དུ་འགྲེལ་ཀློག་ཟིན་ཐོ་དང་གསར་འགྱུར་ཟིན་ཐོ། སྲིད་ཇུས་དྲིས་ལན་འདེབས་པ། སྒེའུ་ཁུང་སྒྲོག་འགྲེལ་པ་མངག་གཏོང་གིས་དྲིལ་སྒྲོག་རྒྱུ་ཆ་བཀྲམ། སྲིད་ཇུས་འདྲི་རྟོག་ལས་མིས་སློབ་སྦྱོར་ཟབ་མོ་བྱེད་པར་རྩ་འཛུགས་བྱས་པ་དང་། སྲིད་ཇུས་ཁག་སོ་སོ་ཡང་དག་པར་ཁོང་དུ་ཆུད་པ། ཚོང་རའི་བྱེད་པོ་དང་མང་ཚོགས་ལ་སྲིད་ཇུས་གཏན་འབེབས་དང་ཞབས་ཞུ་ཕྱོགས་སྟོན། སྲིད་ཇུས་ལན་འདེབས་པ་སོགས་ཀྱི་ཞབས་ཞུ་སྔར་ལས་ལྷག་པར་འདོན་སྤྲོད་བྱས་ཏེ། རོགས་རམ་དཀའ་སེལ་སྲིད་ཇུས་ཕན་ནུས་ཆེན་པོས་དངོས་འབེབས་བྱས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།