ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུའུ་ཡིས་མཚོ་སྐོར་འགྲན་བསྡུར་ཀྱི་གཞུམ་ལམ་ངོས་ཀྱི་གནོད་འཚེ་ལ་བཅོས་སྒྲིག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས29ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྐབས་ཉེར་གཅིག་པའི་མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་འགྲན་བསྡུར་དང་འབྲེལ་བ་ཡོད་པའི་གཞུང་ལམ་གྱི་བདེ་འཇགས་དང་། ཤར་བགྲོད་ཐུབ་པ། གྲལ་དག་ཅིང་གོ་རིམ་ལྡན་པ་ཞིག་ཡོང་ཆེད། ཞིང་ཆེན་གཞུང་ལམ་ཅུའུ་ཡིས་གཞུང་ལམ་ངོས་ཀྱི་གནོད་འཚེ་བཅོས་སྒྲིག་དང་། ལམ་ཁོངས་ཀྱི་ཁོར་ཡུག་བཅོས་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། འགྲན་བསྡུར་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱས།

ཤེས་རྟོགས་བྱུང་བ་ལྟར་ན། སྐབས་འདིའི་མཚོ་སྐོར་འགྲན་བསྡུར་ནང་རྒྱལ་ལམ5དང་ཆེད་སྤྱོད་གཞུང་ལམ1ཚུད་ཡོད་པ་དང་། བསྡོམས་པས་སྤྱི་ལེ354.633ཡོད། ཞིང་ཆེན་གཞུང་ལམ་ཅུའུ་ཡིས་སྔ་མོ་ནས་ཆེད་ལས་ལག་རྩལ་མི་སྣ་བཀོད་སྒྲིག་བྱས་ནས། འགྲན་བསྡུར་དང་འབྲེལ་བ་ཡོད་པའི་ལམ་ངོས་ཀྱི་གནོད་འཚེ་དང་གཞུང་ལམ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཏེ། འགྲིམ་འགྲུལ་འགན་ལེན་ལས་དོན་གྱི་ཇུས་གཞི་ཞིབ་ཕྲ་བཟོས་པ་དང་། ལམ་ངོས་གནོད་འཚེ་བཅོས་སྒྲིག་གི་དོན་དངོས་ལ་དམིགས་ཏེ། གྲལ་ལྡོག་བཅོས་སྒྲིག་གི་དུས་ཚོད་ནང་ལམ་ངོས་ལ་གཙང་སྒྲ་གང་ལེགས་བྱས།  ལམ་སྲིད་དང་ས་གནས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་། ལམ་རྒྱུད་ཀྱི་གྲོང་ཚོ་དང་གྲོང་རྡལ་བཅས་ལ་མཐུན་སྦྱོར་བྱེད་རྒྱུར་ཤུགས་བསྣན་ཏེ། ཐུན་མོང་གིས་སྒྲིག་འགལ་ངང་གཞུང་ལམ་གྱི་ས་བཀོལ་སྤྱོད་བྱས་ནས་རླངས་འཁོར་བཀྲུ་ས་དང་། རླངས་འཁོར་འཇོག་ས། གང་བྱུང་དུ་ས་སྤུངས་བྱེད་པ་སོགས་མངོན་གསལ་དོད་པའི་གནད་དོན་ལ་བཅོས་སྒྲིག་བྱས་ཏེ། མི་སྣ་དང་དངོས་ཟོག འཕྲུལ་ཆས་སོགས་ཕྱོགས་སོ་སོའི་མཚོ་སྐོར་འགྲན་བསྡུར་དང་འབྲེལ་བ་ཡོད་པའི་ལམ་ངོས་ཀྱི་གནོད་འཚེ་བཅོས་སྒྲིག་དང་ལམ་ཁོངས་ཀྱི་ཁོར་ཡུག་བཅོས་སྐྱོང་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།