ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་ཏང་གི་སློབ་གྲྭས་སྐབས30པའི་གཞོན་ནུ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་སྦྱོང་དང་ལག་ལེན་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྔར་ལས་སྐུལ་འདེད་གཏོང་ཆེད། ཟླ6པའི་ཚེས20ཉིན་ནས་ཚེས21ཉིན་བར། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་ཏང་གི་སློབ་གྲྭའི་སྐབས30པའི་གཞོན་ནུ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་ཡོངས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སློབ་སྦྱོང་དང་ལག་ལེན་བྱེད་སྒོ་སྤེལ་བ་རེད། 

བྱེད་སྒོའི་ཁྲོད་སློབ་མ་ཚོས་ཁྲི་ཀ་རྫོང་གི་ཐོན་ལས་གཞན་སྒྱུར་གྱི་བྱེད་ཐབས་དང་ལག་ལེན། འཕེལ་རྒྱས་འཆར་འགོད་ཀྱི་འཛུགས་སྐྲུན་དང་ལག་ལེན། ཐབས་ཇུས་གསར་གཏོད་དང་གྲུབ་འབྲས་ཐོབ་པའི་གསང་བ་སོགས་དོན་དངོས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཡུལ་དངོས་སུ་རྨ་ཆུའི་འགྲམ་ངོགས་སུ་རྟོག་ཞིབ་བྱས་ནས། ཁྲི་ཀ་རྫོང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དེ་བཞིན་སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་གྱི་འཕེལ་རྒྱས་བསམ་ཕྱོགས་ལ་གྲོས་བསྡུར་བྱས། 

བྱེད་སྒོའི་སྟེང་ཁྲི་ཀ་རྫོང་གི་རྨ་ཆུ་བཅོས་བསྒྱུར་དང་ས་ཞིང་བཟོ་སྐྲུན་ལས་གཞིའི་འཛུགས་སྐྲུན་པ་གདན་དྲངས་ནས། སློབ་མ་ཚོར་རྫོང་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཚོས་དགུན་དུས་ཀྱི་གྲང་ངར་དང་དབྱར་དུས་ཀྱི་ཉི་འོད། འགག་སྒྲོལ་དཀའ་སེལ། ས་རྒྱུ་བླངས་ནས་ས་ཞིང་སྐྲུན་པ་སོགས་ཀྱི་གཏམ་རྒྱུད་བརྗོད་པ་དང་། དཔེ་མཚོན་དངོས་ཀྱི་སྟེང་ནས་ཁྲི་ཀ་རྫོང་གི་མི་རིགས་སོ་སོའི་བར་གྱི་སྤེལ་རེས་དང་མཉམ་འདྲེས་བྱེད་པའི་རྣམ་པ་བཟང་པོ་མངོན་པར་མཚོན་ཡོད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།