ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ནས་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ནས་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་གསེབ་དར་སྤེལ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། “སྤྱོད་ཚུལ་སྒྱུར་བ་དང་སྔོན་ཐོན་བརྩོན་ཕོད་པའི”སྤྱོད་ཚུལ་འཛུགས་སྐྱོང་འགུལ་སྐྱོད་ནན་ཏན་གྱི་སྤེལ་བ། དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ། ཆབ་སྲིད་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ནུས་པ་དང་ཆུ་ཚད་མཐོར་འདེགས་པ། ཕུལ་བྱུང་བྱས་འབྲས་སྐྲུན་པར་བརྩོན་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དུ་གཏོང་བ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་མཚོ་སྔོན་གསར་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་ཞུ་དགོས་ཞེས་ནན་གྱིས་གསུངས། 

ཝུའུ་ཞའོ་ཅུན་སྔ་རྗེས་སུ་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ལས་གཞི་ལྟ་རྟོག་ཁྲུའུ་དང་། སྲིད་ཇུས་ཁྲིམས་སྲོལ་ཁྲུའུ། འཆར་འགོད་ནོར་དོན་ཁྲུའུ་བཅས་སུ་ཕེབས་ཏེ་བྱ་བ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་གནང་སྟེ། དབུལ་པོར་བསྐྱར་ལོག་འགོག་པའི་ལྟ་རྟོག་བརྟག་དཔྱད་ཆ་འཕྲིན་མ་ལག་དང་གཟུགས་མཐོང་ཅན་གྱི་སྟེགས་བུ་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ལས་བྱེད་པ་དང་ལས་བཟོ་པར་བཞུགས་མོལ་གནང་། ཁོང་གིས་མིག་སྔར་འཕྲད་པའི་གནས་བབ་གསར་པ་དང་ལས་འགན་གསར་པར་ངོས་འཛིན་ཟབ་མོ་བྱེད་པ་དང་། ག་ས་གང་ནས་དཔེ་བསྡུར་ཚད་བསྡུར་དང་དུས་རྣམ་ཀུན་ནས་སེམས་བདེ་བར་མི་སྡོད་པ། དོན་གང་ཡང་སྔོན་སྐྱོད་སྔོན་གནས་བརྩོན་པ། མི་རེ་རེས་སྔོན་ཐོན་བརྩོན་ཕོད་པའི་ཆབ་སྲིད་རང་རྟོགས་དང་། འགན་འཁྲི་རང་རྟོགས། འགུལ་སྐྱོད་རང་རྟོགས། སྤྱོད་ཚུལ་རང་རྟོགས་བཅས་ངེས་པ་དོན་གྱིས་ཇེ་དྲག་ཏུ་གཏོང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྟོབས་ཤུགས་ཡོད་དགུས་སྲ་བརྟན་དུ་བཏང་ནས། གྲོང་གསེབ་དར་སྤེལ་གྱི་བྱ་བ་སྔར་ལས་སྐས་རིམ་གསར་པ་ཞིག་ཏུ་བསྐྱོད་པར་སྐུལ་དགོས་ཞེས་བསྟན། 

ཝུའུ་ཞའོ་ཅུན་གྱིས་སྤྱོད་ཚུལ་སྒྱུར་བ་དང་སྔོན་ཐོན་བརྩོན་ཕོད་པའི་ཁྲོད་ཆབ་སྲིད་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་གལ་ཆེན་རང་བཞིན་དང་དཀའ་སྡུག་རང་བཞིན། དགོས་གལ་རང་བཞིན་བཅས་ལ་ངོས་འཛིན་ཟབ་མོ་བྱེད་པ། ལངས་གནས་མཐོན་པོ་དང་སྤྱོད་ཚུལ་དངོས་མ། བྱེད་ཐབས་བཙན་པོ་བཅས་ལ་བརྟེན་ཞིང་། ཐོན་ལས་དང་འཇོན་མི། རིག་གནས་དང་སྐྱེ་ཁམས། རྩ་འཛུགས་བཅས་དར་རྒྱས་ལ་སྟོབས་ཤུགས་ཡོད་དགུས་སྐུལ་འདེད་བཏང་སྟེ། ཐོན་ལས་དར་རྒྱས་དང་སྐྱེ་ཁམས་སྡོད་འཚམ། སྡེ་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་ཕྱུག་པོ་བཅས་མངོན་འགྱུར་བྱེད་དགོས། སྤྱོད་ཚུལ་སྒྱུར་བ་དང་སྔོན་ཐོན་བརྩོན་ཕོད་པའི་ཁྲོད་ནུས་པ་དང་ཆུ་ཚད་མཐོར་འདེགས་པ་དང་། ཆ་ཕྱོགས་ཁོང་དུ་ཆུད་པ་དང་། སྲིད་ཇུས་དངོས་འབེབས། སྙོམ་སྒྲིག་སྤྱི་འདོམས། འཕེལ་རྒྱས་སྐུལ་འདེད་བཅས་ཀྱི་ནུས་པ་དང་ཆུ་ཚད་ཤུགས་བཏོན་ནས་མཐོར་འདེགས་པ། སྲིད་ཇུས་སྦྲེལ་མཐུད་དང་། མ་དངུལ་དངོས་འབེབས། ལས་གཞི་སྐུལ་སྤེལ། ཐོན་ལས་གོང་སྤེལ། རོགས་སྐྱོར་མཐུན་སྦྱོར་སོགས་གཙོ་གནད་ལས་འགན་ལ་ལེགས་པར་དམིགས་པ། གཞུང་ལུགས་དང་ལས་སྒོ་ཤེས་བྱའི་སློབ་སྦྱོང་ལ་ཤུགས་སྣོན་པ། ལམ་ལུགས་མགོ་འཇུག་ཚང་བར་བྱེད་པ། ནོར་སྲིད་དཔལ་འབྱོར་སྒྲིག་ཁྲིམས་གཟབ་ནན་བྱེད་པ། མ་དངུལ་བེད་སྤྱོད་དོ་དམ་ཚད་ལྡན་དུ་གཏོང་བ། ཕུལ་བྱུང་བརྩོན་ཕོད་པའི་བསམ་པའི་ཉམས་འགྱུར་དང་གཟབ་ཞིབ་དངོས་གསུམ་ལྡན་པའི་བྱ་བའི་སྤྱོད་ཚུལ་ལ་བརྟེན་ནས། གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་བྱ་བར་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས། 

ཚེ་རིང་ཐར་མཉམ་དུ་རྟོག་ཞིབ་ལ་ཞུགས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།