ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་རིམ་པ་གསུམ་པའི་ལས་བཟོ་པ་དང་ཞིབ་འཇུག་པ་ཀུའུ་ཧྲུའུ་ཀྲུང་གིས་ཁ་བྱང་ལ《སྐྱེ་ཁམས་ཁ་གསབ་ཀྱི་མཛུབ་སྟོན་བསམ་བློ་དང་འགུལ་སྐྱོད་ལག་ལེན》ཞེས་པའི་གསབ་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཞིན་ཁྲང་ཞིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིན་པའེ་བཅས་སློབ་སྦྱོང་ཚོགས་འདུར་ཕེབས། 

ཀུའུ་ཧྲུའུ་ཀྲུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པས་སྐྱེ་ཁམས་ཁ་གསབ་བྱ་བར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད་པ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་གལ་ཆེན་ནི་སྐྱེ་ཁམས་ཁ་གསབ་ཀྱི་མགོ་རྩོམ་ས་དང་མཇུག་བསྡུ་ས་ཡིན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཁ་གསབ་སྐོར་གྱི་རྣམ་བཤད་གལ་ཆེན་ནི་སྐྱེ་ཁམས་ཁ་གསབ་ཀྱི་འགུལ་སྐྱོད་ཕྱོགས་སྟོན་ཡིན་པ་སོགས་ཕྱོགས་གསུམ་ནས། སྐྱེ་ཁམས་ཁ་གསབ་ཀྱི་མཛུབ་སྟོན་དགོངས་པར་རྒྱས་འགྲེལ་ཟབ་མོ་གནང་། སྐྱེ་ཁམས་ཁ་གསབ་ཅི་ཡིན་པ་དང་ཅིའི་ཕྱིར་ཁ་གསབ་བྱེད་པ། གང་གིས་ཁ་གསབ་བྱེད་པ། གང་ལ་ཁ་གསབ་བྱེད་པ། ཇི་ལྟར་ཁ་གསབ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་སོགས་ཕྱོགས་དྲུག་ནས། སྐྱེ་ཁམས་ཁ་གསབ་ཀྱི་འགུལ་སྐྱོད་ལག་ལེན་འགྲེལ་བཤད་ཞིབ་མོ་གནང་། ཚང་མས་མགྲིན་གཅིག་ཏུ། སྙན་ཞུའི་ནང་དོན་ཕུན་སུམ་ཚོགས་པ་དང་གཏིང་ཟབ་ཅིང་འཇུག་བདེ་བ་ཞིག་ཡིན་པས། སྟོབས་དང་ལྡན་པའི་གཞུང་ལུགས་རང་བཞིན་དང་ཁ་གཏད་རང་བཞིན། མཛུབ་སྟོན་རང་བཞིན་གྱིས་ཕྱུག་ཅིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སྔར་ལས་ལྷག་པར་སློབ་སྦྱོང་མྱོང་རྟོགས་ཟབ་མོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་པ་བཅས་ཀྱི་ཐད་ལ་བློ་འབྱེད་དང་རོགས་རམ་མི་དམན་པ་ཡོད་པར་འདོད། 

ཚང་མས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཐེངས་བཅུ་བཞི་པ་ལག་བསྟར་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུས་དཔར་འགྲེམ་བྱས་པའི《འགུལ་སྐྱོད་ཇུས་གཞི》དང་ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་མགོ་ཁྲིད་ཚན་ཆུང་གི་བྱ་བའི་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱེད་པ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ་བྱེད་པ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན་པ་ཡིད་ལ་དམ་པོར་འཛིན་པ། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་རྒྱུན་སྐྱོང་བ། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་དང་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་གི་འགན་འཁྲི་ཆེན་མོ་ངེས་པ་དོན་གྱིས་ཕྲག་ཏུ་ལེན་པ། ཁ་གསབ་ཚད་གཞི་དང་ཁ་གསབ་བྱེད་ཐབས་ཞིབ་འཇུག་དང་གཏན་འབེབས་བྱེད་པ། སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟའི་གནས་བབ་ལ་བརྟན་ལྷིང་གིས་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་མྱུར་ཏུ་བསྐྲུན་པ་བཅས་བྱས་ཏེ། འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་ཞུ་དགོས་པའི་བསམ་ཚུལ་བསྟན། 

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་དོ་དམ་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས་ཀྱི་ཏང་ཙུའུ(ཏང་ཨུ)འགན་ཁུར་བློ་མཐུན་སོགས་སློབ་སྦྱོང་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།