ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་གཉེར་ཁེ་ལས་བཅོས་བསྒྱུར་གྱི་ལོ་ངོ་གསུམ་གྱི་ལས་འགན་འགྲུབ་ཚད98%ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས29ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་རྒྱལ་གཉེར་མ་རྩའི་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། རྒྱལ་གཉེར་ཁེ་ལས་བཅོས་བསྒྱུར་ལོ་ངོ་གསུམ་གྱི་འགུལ་སྐྱོད་མགོ་བརྩམས་པའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བཀོད་སྒྲིག་སྐུལ་འདེད་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་གཉེར་མ་རྩ་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་འོག ཞིང་ཆེན་རྒྱལ་གཉེར་མ་རྩའི་ཨུ་ཡོན་ལྷན་ཁང་གི་སྣེ་ཁྲིད་དང་གཅིག་གྱུར་མཐུན་སྦྱོར།  ལྟ་སྐུལ་མཛུབ་སྟོན་གྱི་ཤུགས་ཚད་ཆེ་རུ་བཏང་བ་དང་། བཅོས་བསྒྱུར་ལས་འགན་ཐད་ཕན་འབྲས་མངོན་གསལ་བླངས། ཟླ5བའི་ཟླ་མཇུག་བར་དུ། ཞིང་ཆེན་རིམ་པའི་ལག་བསྟར་བྱེད་ཐབས་ལས་གཏན་འཁེལ་བྱས་པའི་བཅོས་བསྒྱུར་ལས་འགན་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། ལས་འགན་འགྲུབ་ཚད98%ལ་སླེབས་ཤིང་། ལོ་ངོ་གསུམ་གྱི་ལས་འགན་གཙོ་བོ་རྩ་བའི་སྟེང་ནས་ལེགས་འགྲུབ་བྱུང་། 

རང་ཞིང་གིས་རྒྱལ་གཉེར་ཁེ་ལས་བཅོས་བསྒྱུར་ལོ་ངོ་གསུམ་མགོ་རྩོམ་པར་སྐུལ་འདེད་བཏང་བ་དང་། ཏང་གི་མགོ་ཁྲིད་དང་ཀུང་སིའི་མཉམ་འདྲེས་བཅོས་སྐྱོང་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཁེ་ལས་སྒྲིག་སྲོལ་སྔར་ལས་འཐུས་ཚང་དང་། ཚོང་ར་ཅན་གྱི་ཚོང་གཉེར་སྒྲིག་སྲོལ་སྔར་ལས་འཐུས་ཚང་། བཅོས་བསྒྱུར་གཙོ་གནད་ཁྱབ་ཁོངས་ཐད་ཐོད་བརྒལ་བྱུང་ཞིང་། སྒོས་སུ་ཚྭ་མཚོ་མ་རྐང་ཀུང་སིའི་བདེ་བླག་ངང་ཚོང་རར་བཀྲམ་པ་སླར་གསོ་དང་། ཞིང་ཆེན་རིམ་པའི་དངུལ་གཏོང་སྡེ་ཚོགས་ཀྱིས་ཁྲིམས་འཛིན་ལེགས་སྒྲིག་དང་། འགྲིམ་འགྲུལ་ཚོད་འཛིན་སྡེ་ཚོགས་དེ་གཅིག་བསྡུས་སྒོས་ལྟ་སྐུལ་དོམ་དང་། ཁྲོང་ཨན་ཀུང་སི་སོགས་རྒྱལ་གཉེར་ཁེ་ལས་ཀྱི་གྱོང་གུད་དེ་ཁེ་ཕན་དུ་བསྒྱུར་ཞིང་། བཅོས་བསྒྱུར་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། རྒྱལ་གཉེར་མ་རྩའི་ཁེ་ལས་འཁོར་རྒྱུགས་གཏན་འཇགས་ཡིན། ཟླ1པོ་ནས་ཟླ5བའི་བར། ཞིང་ཆེན་རྒྱལ་གཉེར་མ་རྩའི་ལྟ་སྐུལ་དོ་དམ་ཁེ་ལས19ཡི་ཚོང་གཉེར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར461.69ཡིན་ཞིང་། དུས་མཉམ་ལས་6.8%འཕར། ཁེ་ཕོགས་ཀྱི་སྤྱིའི་མ་དངུལ་སྒོར་དུང་ཕྱུར109.28མངོན་འགྱུར་བྱུང་བ་དང་། དུས་མཉམ་ལས340.5%འཕར། ཁྱོན་བསྡོམས་ཁྲལ་གྲོན་སྒོར་དུང་ཕྱུར49.50ཡིན་པ་དང་། དུས་མཉམ་ལས129.5%འཕར་བ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་ཡོང་ཆེད། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཕེལ་རྒྱས་དང་ཐོན་ལས་ཀྱི“གནས་བཞི”སྐུལ་འདེད་འཛུགས་སྐྲུན་ཐད་རྒྱལ་གཉེར་ཁེ་ལས་ཀྱི་སྟོབས་ཤུགས་ཕུལ་ཡོད།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།