ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་གྱི་སྐོར་ཐོག་མའི་སྒོར་ཁྲི767.5ལྷག་གི་ཐེངས་གཅིག་རང་བཞིན་གྱི་གསོ་སྦྱོང་ཁ་གསབ་མ་དངུལ་གྱིས་ཁེ་ལས་ཆུང་འབྲིང750ལ་ཕན་ཐོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཁེ་ལས་ཚོང་གཉེར་ལ་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་བ་དང་། ཁེ་ལས་དཀའ་ཁག་ལས་ཐར་བར་བྱེད་པ། ལས་གནས་སོར་འཇོག ལས་བཟོ་བ་འགུག་པར་བྱ་ཆེད། ཟླ6པའི་ཚེས24ཉིན། ཟི་ལིང་གྲོང་ཁྱེར་གྱིས་སྐོར་ཐོག་མའི་ཐེངས་གཅིག་རང་བཞིན་གྱི་ལས་བཟོ་བ་སོར་འཇོག་གསོ་སྦྱོང་ཁ་གསབ་མ་དངུལ་སྒོར་ཁྲི767.5བྱིན་པ་དེས་ཁེ་ལས་ཆུང་འབྲིང750ལ་ཕན་ཐོགས་ཡོད་ཅིང་། ཁེ་ལས་ཀྱི་ལས་གནས་ཁྲི1.54ལ་རོགས་རམ་བྱས།

ཟི་ལིང་གྲོང་ཁྱེར་གྱིས“ཐེངས་གཅིག་རང་བཞིན་གྱི་ལས་གནས་སོར་འཇོག་གསོ་སྦྱོང་ཁ་གསབ”སྲིད་ཇུས་དྲིལ་སྒྲོག་བརྙན་ཐུང་སྒྲིག་བཟོ་བྱེད་པ་དང་། ཟི་ལིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་སྐད་འཕྲིན་སྤྱི་སྟེགས་ནས་དྲིལ་སྒྲོག་བྱས་ཏེ། ཁེ་ལས་འབྲིང་ཆུང་གི་སྲིད་ཇུས་ཁ་གསབ་ཁྱབ་ཁོངས་དང་། ཁ་གསབ་ཚད་གཞི། ཁ་གསབ་སྟེར་བའི་གོ་རིམ་སོགས་འབྲེལ་ཡོད་ནང་དོན་ཤེས་སུ་བཅུག་པ་མ་ཟད། བློ་འདྲི་ཁ་པར་ཁྱབ་སྒྲོག་དང་། ཁེ་ལས་ཀྱི་བློ་འདྲིའི་སྐུད་སྣེ་མི་ཆད་པ་མངོན་འགྱུར་བྱས་ཏེ། ཁེ་ལས་ཞབས་ཞུའི་མྱུར་ཚད་ཇེ་མགྱོགས་སུ་བཏང་། དུས་མཚུངས་སུ། “རེ་ཞུ་མེད་པར་མྱོང་རོལ”བྱེད་པའི་ལས་སྒྲུབ་རྣམ་པ་སྤྱད་དེ། ཁེ་ལས་ཀྱིས་རེ་ཞུ་མེད་པར་བྱས་ཤིང་། ཟི་ལིང་གྲོང་ཁྱེར་སྤྱི་ཚོགས་འགན་སྲུང་ལས་སྒྲུབ་སྡེ་ཁག་གིས་གྲངས་འཛིན་ཞིབ་བསྡུར་དང་། སྡེ་ཁག་བར་གྱི་གཞི་གྲངས་མཉམ་སྤྱོད་ལ་བརྟེན་ནས། ཁེ་ལས་ཀྱི་ཁྱབ་ཁོངས་དང་། ལས་བཟོ་བའི་མི་གྲངས་སོགས་ཀྱི་རྒྱུ་རྐྱེན་གྱིས། ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཀྱིས“ཐད་ཀར་དུ་རེ་ཞུ་བྱེད་པའི”རྣམ་པ་ལྟར། གྲངས་འཛིན་ཆེན་མོའི་ཞིབ་བཤེར་བསྡུར་ཚད་ཆེ་རུ་བཏང་ནས། སྐོར་ཐོག་མའི་ཆ་རྐྱེན་དང་མཐུན་པའི་འགན་སྲུང་ཁེ་ལས750ཡི་གྲངས་ཀའི་ཞིབ་བཤེར་སྤྱི་བསྒྲགས་ཡོངས་འགྲུབ་བྱས།

རྒྱུས་ལོན་པ་ལྟར་ན།  ཐེངས་གཅིག་རང་བཞིན་གྱི་ལས་བཟོ་བ་གསོ་སྦྱོང་སྲིད་ཇུས་ཀྱིས་རིམས་ནད་འགོག་སྡོམ་གྱི་ཤུགས་རྐྱེན་ལྟར་ལས་མཚམས་བཞག་པའི་དམིགས་བསལ་དཀའ་ཁག་ཡོད་པའི་ཁེ་ལས་ལ་ཁ་གསབ་བྱིན་པ་དང་། ལས་ཤོར་ཉེན་སྲུང་ཁྲོད་ཞུགས་པ་མ་ཟད་སྒོར500ཡི་ཚད་གཞི་ལྟར་རྩིས་སྤྲོད་བྱས་པ་ཡིན། ཁེ་ལས་རྩ་འཛུགས་བྱས་ཏེ་ལས་བཟོ་བའི་ལས་སྒྲུབ་ཀྱིས་གསོ་སྦྱོང་གི་ཚབ་བྱེད་པར་རྒྱབ་སྐྱོར་བྱས།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།