ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ཚོང་ཟོག་རྒྱལ་ཡོངས་ཀྱི“མྱུར་བགྲོད་ལྕགས་ལམ”ཀྲུང་གོ་དང་ཡོ་ནན་གྱི་དུས་གཏན་མེ་འཁོར་ཐོག་མའི་ནང་བདེ་བླག་ངང་སྐྱེལ་འདྲེན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས27ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་དངོས་ཟོག་ཏུན900ལྷག་སྐྱེལ་འདྲེན་བྱེད་པའི་ཀྲུང་གོ་དང་ཡོ་ནན་གྱི་དུས་གཏན་མེ་འཁོར་དེ(ཁྲུང་ཆིང་ནས་ཨན་ཡོན)ཁྲུང་ཆིང་མཐུན་སྒྲིལ་གྲོང་ཚོའི་ལྟེ་བའི་འབབ་ཚུགས་ནས་བདེ་བླག་ངང་སྐྱེལ་འདྲེན་བྱེད་མགོ་ཚུགས། དེའི་སྟེང་ནས་རྒྱལ་ཡོངས་ཀྱི་ཀྲུང་གོ་དང་ཡོ་ནན་གྱི་དུས་གཏན་མེ་འཁོར་འགག་སྒོའི་སྒྲོལ་ཁུལ་དང་པོའི“ལྕགས་ལམ་ཤར་བགྲོད་ཐུབ་པའི”རྣམ་པ་དངོས་སུ་སྤྱོད་མགོ་ཚུགས་པ་མཚོན་པ་མ་ཟད། ཀྲུང་གོ་དང་ཡོ་ནན་གྱི་དུས་གཏན་མེ་འཁོར་གྱི་འགག་སྒོ་སྒྲོལ་ནས་ཕྱོགས་གཉིས་ཀྱི“ལྕགས་ལམ་ཤར་བགྲོད་ཐུབ་པའི”དུས་རབས་སུ་སླེབས་པའང་མཚོན། ཐེངས་འདིའི་དུས་གཏན་མེ་འཁོར་ལ་བསྡོམས་པས་སྒམ34ཡོད་པ་དང་། ལྗིད་ཚད་ཏུན900ལྷག་ཟིན་ལ། དངོས་ཟོག་རིན་ཐང་སྒོར་ཁྲི748.3ཟིན་པ་རེད། དངོས་ཟོག་དེ་དག་མཚོ་སྔོན་ནས་དབོར་འདྲེན་བྱས་རྗེས་ལྕགས་ལམ་བརྒྱུད་དེ་ཁྲུང་ཆིང་དུ་གཅིག་བསྡུས་སྐྱེལ་འདྲེན་བྱེད་པ་དང་། དེ་རྗེས་ཀྲུང་གོ་དང་ཡོ་ནན་གྱི་དུས་གཏན་མེ་འཁོར་བསྡད་དེ་ཡོ་ནན་གྱི་ཨན་ཡོན་དུ་དབོར་འདྲེན་བྱ་རྒྱུ་རེད། 

རྗེས་མར། མཚོ་སྔོན་ཞིང་ཆེན་གྱིས་ནུབ་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་འབྲེལ་གཏུག་མཉམ་ལས་བྱ་རྒྱུར་སྔར་ལས་ཤུགས་སྣོན་དང་། སྲིད་ཇུས་འབྲེལ་མཐུད་འཐུས་ཚང་དུ་གཏོང་བ། ཐུན་མོང་སྒོས་དངོས་ཟོག་སྐྱེལ་འདྲེན་དང་། ཚོང་དོན་ཁེ་ལས་ཀྱིས“ལྕགས་ལམ་ཤར་བགྲོད་ཐུབ་པ”སོགས་རྒྱལ་སྤྱིའི་དུས་གཏན་མེ་འཁོར་ལ་བརྟེན་ནས། སྣ་མང་མཉམ་འདྲེན་དང་མཛོད་ཉར་ཟོག་འགྲེམས་སོགས་ཀྱི་ཐོན་ཁུངས་གཅིག་བསྡུས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། འགག་སྒོའི་ལྟ་སྐུལ་དོ་དམ་གྱི་འགག་སྒྲོལ་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྒྱལ་སྤྱིའི་དུས་གཏན་མེ་འཁོར་ལམ་རྒྱུད་ཀྱི་འགག་སྒོ་ཕན་ཚུན་སྦྲེལ་མཐུད་དང་མཐུན་སྦྱོར་མཉམ་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱི་ནང་ཚོང་དོན་གྱི་དངོས་ཟོག་མཉམ་བསྲེས་སྐྱེལ་འདྲེན་བྱེད་པ། ཟོག་འགྲེམས་མ་རྩ་ཇེ་དམའ་རུ་གཏོང་བ་དང་། ཕྱིར་གཏོང་ནང་འདྲེན་གྱི་ཟོག་འགྲེམས་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ལེགས་ལྡན་ཐོན་རྫས་མང་པོ་ཕྱིར་བསྐྱོད་པར་རོགས་རམ་བྱེད་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།