ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་གཞི་རྩའི་དམངས་འཚོ་མཐའ་སྲུང་དྲ་བ་སྔར་ལས་ཚགས་ཇེ་དམ་དུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས28ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཉེ་སྔོན་ཞིང་ཆེན་དམངས་སྲིད་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་མཉམ་འབྲེལ་སྒོས《མང་ཚོགས་དཀའ་ངལ་ཅན་གྱི་མཐའ་སྲུང་བྱ་བ་ངེས་པ་དོན་གྱིས་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཏེ། ས་ཁུལ་སོ་སོས་གཞི་རྩའི་དམངས་འཚོའི་མཐའ་སྲུང་དྲ་བ་སྔར་ལས་ཚགས་ཇེ་དམ་དུ་བཏང་ནས། དཔལ་འབྱོར་སྤྱི་ཚོགས་བརྟན་བརླིང་འཕེལ་རྒྱས་ཀྱི་ཆེ་ཕྱོགས་རོགས་རམ་བྱེད་པར་བྱེ་བྲག་གི་བླང་བྱ་བཏོན། 

རྒྱུས་ལོན་པ་ལྟར་ན། ས་ཁུལ་སོ་སོས་མ་མཐའི་འགན་སྲུང་ལམ་ལུགས་དངོས་འབེབས་བྱེད་ཤུགས་ཆེར་བསྐྱེད་དེ། ཆ་རྐྱེན་དང་མཐུན་པའི་འཚོ་བར་དཀའ་ངལ་ཅན་གྱི་ཁྱིམ་ཚང་དེ་དུས་ལྟར་མ་མཐའི་འགན་སྲུང་གི་ཁྱབ་ཁོངས་སུ་བསྡུས་པར་མ་ཟད། མ་མཐའི་འགན་སྲུང་བྱ་ཡུལ་དང་ཤིན་ཏུ་དཀའ་ངལ་ཅན་ལ་ཡང་བསྐྱར་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་བྱིན། གནས་སྐབས་རོགས་སྐྱོར་སྲིད་ཇུས་བྱེད་ཐབས་སྙོམ་སྒྲིག་འཐུས་ཚང་དུ་བཏང་བ་དང་། སྤྱི་ཚོགས་རོགས་སྐྱོབ་ཆ་འཕྲིན་ཅན་གྱི་དོ་དམ་མ་ལག་རིམ་སྤོར་ལེགས་བཅོས་བྱས་ནས། སྤྱི་ཚོགས་རོགས་སྐྱོབ་བྱ་བའི་ལམ་སྲོལ་མུ་མཐུད་དུ་བདེ་ཐང་འཐུས་ཚང་དུ་བཏང་། སྤྱི་ཚོགས་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་གཉིས་དངོས་གོང་འཕར་བར་བསྟུན་པའི་མཉམ་འགུལ་དངོས་འབེབས་ལེགས་པོ་བྱས་ཏེ། ཡོང་འབབ་དམའ་བའི་ཚོགས་སྤྱིའི་གཞི་རྩའི་འཚོ་བའི་ཆུ་ཚད་དངོས་གོང་འཕར་བ་དང་བསྟུན་ནས་ཇེ་དམར་མི་འགྲོ་བར་ཁག་ཐེག་བྱས། 

གནས་སྐབས་རོགས་སྐྱོབ་ཀྱི“སྔོན་སྐྱོད་རོགས་སྐྱོབ”དང“རིམ་དགར་ཞིབ་མཆན”སོགས་ཀྱི་སྲིད་ཇུས་གཏན་འབེབས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། ཁྱིམ་ཐོ་དེར་མི་གཏོགས་ཀྱང་རིམས་ནད་ཀྱི་དབང་གིས་གཞི་རྩའི་འཚོ་བར་དཀའ་ཁག་བྱུང་བའི་མང་ཚོགས་ལ། དཀའ་ཁག་བྱུང་ཡུལ་ནས་ཐད་ཀར་དུ་སྐབས་ཐོག་རོགས་སྐྱོབ་བྱས། རོགས་སྐྱོབ་བྱ་རིམ་སྟབས་བདེ་ལེགས་བཅོས་བྱས་ཏེ། རོགས་སྐྱོབ་ཀྱི་སྐབས་ཐོག་རང་བཞིན་དང་སྐབས་ཕན་རང་བཞིན་སྔར་ལས་མཐོར་བཏེགས། རོགས་སྐྱོབ་ཞབས་ཞུའི་རྣམ་པ་ལེགས་སྒྱུར་འཐུས་ཚང་དུ་བཏང་ནས། དངོས་ཟོག་དང་ལག་དངུལ་སྟེར་བ་དང་ཞབས་ཞུ་འདོན་སྤྲོད་བྱེད་པ་སོགས་ཀྱི་རྣམ་པ་བེད་སྤྱོད་སྤྱི་འདོམས་བྱས་ཏེ། གནད་འཁེལ་རོགས་སྐྱོབ་རོགས་རམ་འདོན་སྤྲོད་བྱས། རིམས་ནད་འགོག་སྡོམ་སྐབས་སུ། དཀའ་ངལ་ལ་འཕྲད་པའི་མང་ཚོགས་ཀྱིས་མི་སྒེར་གྱི་འགོག་སྲུང་ལེགས་པོར་སྒྲུབ་པར་རོགས་རམ་ཧུར་ཐག་བྱས་ཏེ། ཕྱི་ཡོང་མི་སྣའི་ཁ་ཟས་དང་སྡོད་གནས་སོགས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱས། སྤྱི་ཚོགས་སྟོབས་ཤུགས་སྤྱི་ཚོགས་རོགས་སྐྱོབ་ཏུ་ཞུགས་པའི་སྲིད་ཇུས་བྱེད་ཐབས་འཐུས་ཚང་དང་དངོས་འབེབས་བྱས་ཏེ། སྲིད་གཞུང་གི་ཞབས་ཞུ་ཉོ་སྒྲུབ་ཀྱི་ནུས་ཤུགས་ཆེར་བསྐྱེད་པ་རེད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།