ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་ཁུལ་གྱིས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁེ་ལས་འབྲིང་ཆུང་ནི་ལས་ཞུགས་རྒྱ་བསྐྱེད་དང་དམངས་འཚོ་ལེགས་བཅོས། ལས་སྐྲུན་གསར་གཏོད་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། བསྟུད་མར་ཉིན་འགའི་རིང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ཁེ་ལས་ལ་ཕན་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་བྱས་ཤིང་། འགྲོ་གྲོན་དམའ་རུ་བཏང་ནས་ཕན་འབྲས་མཐོར་འདེགས་སུ་བཏང་། 

ཡུས་ཧྲུའུ་ཁུལ་གྱིས་གཏན་འཁེལ་བྱས་པའི་བྱེད་ཐབས་དང་ཟུང་འབྲེལ་སྒོས། ཁུལ་བཟོ་ལས་དང་ཆ་འཕྲིན་ཚོང་དོན་སྡེ་ཁག་གིས་འགན་ནུས་འདོན་སྤེལ་གང་ལེགས་ཀྱིས། ཞིང་ཆེན་རིམ་པའི་འཛད་སྤྱོད་མ་དངུལ་བརྩོན་ལེན་བྱས་ནས་ཡུས་ཧྲུའུ་ཁུལ་གྱི་རྟགས་ཚད་ལོན་པའི་ཁེ་ལས་ལ་སྡེབ་འཚོང་ལས་གཉེར་སྒོར་ཁྲི20དང་། སིལ་འཚོང་ལས་གཉེར་སྒོར་ཁྲི10། ཞག་སྡོད་ལས་གཉེར་སྒོར་ཁྲི5། བཟའ་བཏུང་ལས་གཉེར་སྒོར་ཁྲི5ཡི་ཚད་གཞིའི་ཐེངས་གཅིག་རང་བཞིན་གྱི་མ་དངུལ་བྱ་དགའ་གནང་། ཞིང་ཆེན་རིམ་པའི་འཛད་སྤྱོད་མ་དངུལ་སྒོར་ཁྲི57བཏང་སྟེ། ཁུལ་ཡོངས་ཀྱི་ཆ་རྐྱེན་དང་འཚམས་པའི་སྣུམ་སྣོན་ས་ཚིགས་དང་། ཚོང་ར་དང་སྒོ་རྩིས་ཚོང་ཁང་། བཟའ་བཏུང་ཞག་སྡོད་སོགས་ལས་གཉེར་ཐད་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་ཏེ། འཛད་སྤྱོད་སྒུལ་ཤུགས་སྐུལ་སྤེལ་དང་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་བཏང་། ཁུལ་ཡོངས་སུ་མཛོད་གཅིག་མཉམ་སྡེབ་བྱེད་པའི་གྲོང་ཁྱེར་དང་རྫོང་རིམ་པའི་དངོས་ཟོག་འཁོར་རྒྱུག་དངོས་སྐྱེལ་ལྟེ་གནས་མངོན་འགྱུར་བྱས་པར་འཁོར་རྒྱུག་མ་དངུལ་ཁ་གསབ་ངེས་ཅན་ཞིག་བྱིན། ཞིང་སྡེའི་རིམ་པ་གསུམ་གྱི་དངོས་སྐྱེལ་མ་ལག་རིམ་བཞིན་ཤར་གཏོང་བྱས་ནས། ཆ་རྐྱེན་དང་འཚམས་པའི་དངོས་སྐྱེལ་ཁེ་ལས་ལ་དངོས་སྐྱེལ་གྱི་གྲངས་ཀ་ལྟར་ཁ་གསབ་བྱིན། ཀྲུང་དབྱང་གི་ནོར་སྲིད་མ་དངུལ་བརྩོན་ལེན་བྱས་ཏེ་ཁུལ་ཡོངས་ཀྱི་རྫོང་ཁོངས་ཚོང་ལས་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། ས་གནས་ཀྱི་ཞིང་ཕྱུགས་ཐོན་རྫས་དང་མཁོ་འདོན། དངོས་སྐྱེལ། ཚོང་རྫས་དང་ཞབས་ཞུ་བཅས་ལ་སྐུལ་འདེད་བཏང་ནས། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་བྱས། ཕྱིར་འཚོང་དྲ་རྒྱའི་སྟེགས་བུའི་ཁེ་ལས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་བཟའ་བཏུང་ལས་རིགས་ཀྱི་ཞབས་ཞུའི་འགྲོ་གྲོན་ཚད་གཞི་དམའ་རུ་གཏོང་བ་དང་། འབྲེལ་ཡོད་བཟའ་བཏུང་ཁེ་ལས་ཀྱི་ཚོང་གཉེར་འགྲོ་གྲོན་དམའ་རུ་གཏོང་བར་སྣེ་ཁྲིད་བྱས།  

ད་ལྟའི་བར་དུ། ཁུལ་ཡོངས་སུ་ཁེ་ལས3ལ་ཁང་གླ་ཟླ15རིང་མེད་པར་བཟོས་པ་དང་། མ་དངུལ་སྒོར་ཁྲི35.53མེད་པར་བཟོས། ཁེ་ལས1ལ་ལས་ཤོར་ཉེན་སྲུང་འགྲོ་གྲོན་རྗེས་སྤྲོད་ཀྱི་སྲིད་ཇུས་ལོངས་སྤྱོད་བྱེད་དུ་བཅུག་པ་དང་། རྗེས་སྤྲོད་མ་དངུལ་སྒོར་ཁྲི40ཡིན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།