ཀྲུང་གོ་བོད་ཀྱི་དྲ་བ།

རྒྱུགས་སྤྲོད་སློབ་མ151474མཚོ་སྔོན་གྱི2022ལོའི་འབྲིང་རྒྱུགས་ནང་ཞུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ6པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་གྱི2022ལོའི་དམའ་རིམ་སློབ་འབྲིང་གི་ཡོན་ཚད་རྒྱུགས་ལེན(བསྡུས་མིང་ལ་འབྲིང་རྒྱུགས་ཞེས་བརྗོད་རྒྱུ)བདེ་བླག་ངང་མཇུག་འགྲིལ་བ་རེད། ད་ལོར་ཞིང་ཆེན་ཡོངས་ཀྱི་དམའ་རིམ་སློབ་འབྲིང་གི་ཡིག་རྒྱུགས་ལ་རྒྱུགས་སྤྲོད་ས་ཚིགས154དང་རྒྱུགས་ར5086བཙུགས་ཡོད་པ་དང་། ལོ་རིམ་བརྒྱད་པའི་སློབ་མ75750དང་ལོ་རིམ་དགུ་པའི་སློབ་མ75724བཅས་ཡོད། ཞིང་ཆེན་ཡོངས་སུ་རྒྱུགས་སྤྲོད་སློབ་མ151474འབྲིང་རྒྱུགས་ནང་ཞུགས་པ་དང་དཔྱད་གཞིའི་མི་གྲངས་ཀྱིས་ཉེ་བའི་ལོ་འགའི་རིང་གི་ཟིན་ཐོ་གསར་པ་བཏོད་པ་རེད།

ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ“མཚོ་སྔོན་ཞིང་ཆེན་དམའ་རིམ་སློབ་འབྲིང་གི་ཡོན་ཚད་ཞིབ་དཔྱད་ཚད་ལེན་གྱི་སྤྲིན་ཚོགས་སྟེགས་བུ”ཐོག་མར་སྤྱད་དེ། ཆ་འཕྲིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་དམའ་རིམ་སློབ་འབྲིང་གི་སྦྱངས་འབྲས་ཆུ་ཚད་རྒྱུགས་ལེན་ལ་དེ་བས་བདེ་འཇགས་དང་གོ་རིམ་ལྡན་པ། ཚད་ལྡན་བཅས་ཡོང་བར་རམ་འདེགས་བྱས་ཡོད། ཡིག་རྒྱུགས་ལས་དོན་བདེ་བླག་ངང་སྤེལ་བ་དང་སྤྲིན་རྩིས་ལས་སྟེགས་སྤྱོད་མགོ་ཚུགས་རྗེས་ས་གནས་ཁག་གིས་སྤྱོད་ཐུབ་པ་དང་སྤྱོད་ཤེས་པ། ཡག་པོར་སྤྱོད་པར་འགན་ལེན་བྱ་ཆེད། ཞིང་ཆེན་སློབ་གསོ་ཐིང་གིས་ཟླ4པའི་ཚེས27ཉིན་ནས་ཚེས29ཉིན་བར་ཞིང་ཆེན་ཡོངས་ཀྱི་ལོ་རིམ་དགུ་པའི་སློབ་མའི་ཚོད་ལྟའི་ཡིག་རྒྱུགས་སྒྲིག་འཛུགས་ལག་བསྟར་བྱས་ཏེ། གྲོང་ཁྱེར་དང་ཁུལ་སོ་སོའི་རྒྱུགས་ལན་བྱང་བུ་བཤར་འབེབས་དང་དྲ་ངོས་ཨང་རྟགས་བཟོ་བ་སོགས་ཀྱི་རྨང་གཞིའི་ལྷུ་ཚིགས་ལ་དམིགས་ནས་ལད་ཟློས་ནང་སྦྱོང་བྱས་པ་རེད། གྲོང་ཁྱེར་དང་ཁུལ་སོ་སོའི་རྩ་འཛུགས་མི་སྣས་གཅིག་གྱུར་གྱིས་སྤྲིན་ཚོགས་ལས་སྟེགས་སྤྱད་དེ་དྲ་ཐོག་རྒྱུགས་དཔྱད་ནང་སྦྱོང་དང་ཚོད་ལྟའི་ཡིག་རྒྱུགས་སྤུས་ཚད་དབྱེ་ཞིབ་སོགས་ཀྱི་ལས་དོན་སྤེལ་ནས། བཀོལ་སྤྱོད་བརྒྱུད་རིམ་བྱང་ཆུབ་པ་དང་ཚད་ལྡན་ཡོང་བར་འགན་ལེན་བྱས་ཏེ། ད་ལོའི་སྦྱངས་འབྲས་ཆུ་ཚད་རྒྱུགས་ལེན་ལས་དོན་བདེ་བླག་ངང་ལེགས་སྒྲུབ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཡིག་རྒྱུགས་སྤུས་ཚད་དབྱེ་ཞིབ་ལས་དོན་སྤེལ་བར་རྨང་གཞི་བཏིངས། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནི“ཉུང་གཏོང་གཉིས”ཀྱི་སྲིད་ཇུས་ལག་བསྟར་བྱས་རྗེས་ཀྱི་དམའ་རིམ་སློབ་འབྲིང་གི་རྒྱུགས་ལེན་ཐོག་མ་དེ་ཡིན་པ་དང་། ཟི་ལིང་གྲོང་ཁྱེར་གྱི་ཆུས་བཞིའི་རང་བརྟེན་འདྲི་གཞི་བཏོན་པ་ཕུད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་དང་ཆུས་བཅས་ཚང་མས་ཞིང་ཆེན་རིམ་པའི་གཅིག་གྱུར་གྱི་ཡོན་ཚད་དྲི་གཞིའི་ཡིག་རྒྱུགས་སྤྱད་ཡོད་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།