ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་ཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས21ཉིན། ཞིང་ཆེན་དམངས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས་གྱ་དགུ་པ་བསྡུས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཡུས་ཚུང་ལི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་བླང་བྱ་བཏོན། ཝང་ལི་མིང་དང་མཱ་ཝེ། ཉའོ་ཁྲིན་ཡུན། ཀྲང་ཧོང་ཡོན། ཅ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས། ལིའུ་ཐུང་ཏེ་ཟུར་ཞུགས་བྱས། 

ཚོགས་ཐོག་ནས་ངོས་འཛིན་བྱས་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་སྐོར་ཞིབ་བརྒྱད་པས་དངུལ་ལོར་ལས་ཁུངས་ལ་དག་ཐེར་ལེགས་བཅོས་འཕེལ་འགྲོས་གནས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་དེས། ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དངུལ་ལོར་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་པ་ལེགས་པར་མཚོན་ལ། དངུལ་ལོར་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་ཡང་མཚོན་ཡོད། སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་ལེན་པ། སྲོག་ཤིང་གཙོ་གནད་ལ་གདེང་ཐོན་པར་བྱས་ནས། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། ཏང་ནན་མོས་སྐྱོང་བའི་བྱེད་པའི་འགན་འཁྲི་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། སྐོར་ཞིབ་དག་ཐེར་ལེགས་བཅོས་ཀྱི་རྩོམ་མཇུག་ལེགས་པར་འབྲི་བ། སྐོར་ཞིབ་གྲུབ་འབྲས་ཕྱོགས་བསྡུས་བེད་སྤྱོད་བྱེད་ཅིང་། གཅིག་ཤེས་ཀུན་གྲོལ་གྱིས་དམངས་ཆེན་ལས་ཁུངས་འཛུགས་སྐྱོང་གི་སྤུས་ཚད་ཕན་འབྲས་ངེས་པ་དོན་གྱིས་མཐོར་འདེགས་དགོས། 

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་དང་ལས་ཁུངས་ཏང་ཙུའུ་ཡིས་ཁ་ཕྱོགས་འཛིན་པ་དང་། ཆེ་ཕྱོགས་ལ་དོ་དམ། དངོས་འབེབས་ལ་སྐུལ་བའི་ནུས་པ་གལ་ཆེན་ངེས་པ་དོན་གྱིས་ཕྲག་ཏུ་ལེན་པ་དང་། ཆབ་སྲིད་ལས་ཁུངས་སྣེ་ཁྲིད་དུ་བྱས་ནས་ཏང་འཛུགས་སྐྱོང་དང་ལས་སྒོ་བྱ་བ་གཉིས་འདྲེས་སྦྱོར་ཟབ་མོ་བྱེད་པར་སྐུལ་བ། དོ་དམ་འགན་འཁྲི་ནན་མོ་འཛིན་པ། བྱ་བའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། སྒྲིག་ལམ་བླང་བྱ་གཟབ་ནན་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཁག་སོ་སོ་འགྱུར་བ་མེད་པར་ལག་བསྟར་དངོས་འབེབས་བྱེད་དགོས། 

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།