ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཞའོ་ཅུན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་མ་ལག་གི་སྤྱོད་ཚུལ་འཛུགས་སྐྱོང་བྱ་བའི་ཚོགས་འདུར་ཞུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་མ་ལག་གི་སྤྱོད་ཚུལ་འཛུགས་སྐྱོང་བྱ་བའི་ཚོགས་འདུ་ཟི་ལིང་དུ་ཚོགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་། ཁོང་གིས་ནན་གྱིས་གསུང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དངོས་འབེབས་བྱེད་པར་དམིགས་པ། ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་བྱ་བའི་ཚོགས་འདུའི་བཀོད་སྒྲིག་ལྟར། སྲིད་གཞུང་མ་ལག་གི་སྤྱོད་ཚུལ་འཛུགས་སྐྱོང་གི་གནད་དོན་འབུར་ཐོན་ལ་དམིགས་ནས། “སྤྱོད་ཚུལ་སྒྱུར་བ་དང་གདོང་མཆོང་ཕོད་པའི”སྤྱོད་ཚུལ་འཛུགས་སྐྱོང་འགུལ་སྐྱོད་ནན་ཏན་གྱིས་སྤེལ་བ། དངོས་འབེབས་སྤྱོད་ཚུལ་དུ་བསྒྱུར་བ་ལེགས་པར་བཟུང་སྟེ་བསླབ་བརྒལ་མཆོང་གསུམ་ཕོད་ཐུབ་པའི་སྒོ་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ཆེད་སྟོབས་དང་ལྡན་པའི་སྤྱོད་ཚུལ་གྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། 

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་གསུང་དོན། སྲིད་གཞུང་གི་འགན་ཁུར་ལ་དམིགས་ནས། སྤྱོད་ཚུལ་སྒྱུར་བ་དང་གདོང་མཆོང་ཕོད་པའི་ཁ་གཏད་རང་བཞིན་དང་དངོས་ཕན་རང་བཞིན་མུ་མཐུད་དུ་མཐོར་འདེགས་དགོས། ཆབ་སྲིད་ལངས་གནས་སྟེང་སྤྱོད་ཚུལ་སྒྱུར་བ་དང་གདོང་མཆོང་ཕོད་པར་བྱས་ནས། ཆབ་སྲིད་ཀྱི་ཤན་འབྱེད་ནུས་པ་དང་མྱོང་རྟོགས་ནུས་པ། ལག་བསྟར་ནུས་པ་ནན་གྱིས་མཐོར་འདེགས་དགོས། ནན་འཛིན་དངོས་གཉེར་ཁྲོད་སྤྱོད་ཚུལ་སྒྱུར་བ་དང་གདོང་མཆོང་ཕོད་པར་བྱས་ནས། གཞི་རིམ་ཤུགས་ཆེན་པོས་འཛིན་པ་དང་དངོས་འབེབས་ནན་འཛིན་བྱེད་པའི་ཕྱོགས་སྟོན་གསལ་པོར་སློང་བ་དང་། རང་འགན་ལེགས་སྒྲུབ་དང་འགན་སྐུལ་བྱུང་རྟོག་གི་དངོས་འབེབས་མ་ལག་འཐུས་ཚང་དུ་གཏོང་བ། སྤྱོད་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གཅོང་ནད་རྩ་བཅོས་བྱེད་དགོས། ཁུར་ཐེག་ཕོད་པའི་ཁྲོད་སྤྱོད་ཚུལ་སྒྱུར་བ་དང་གདོང་མཆོང་ཕོད་པར་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་བ། དམངས་འཚོ་ཕན་བདེ་འཕེལ་བའི་སྟེང་སྔར་ལས་ལེགས་པར་ཁུར་ཐེག་བྱས་རྗེས་ཡོད་པར་བྱེད་དགོས། སྤུས་འདེགས་ཕན་སྐྱེད་ཁྲོད་སྤྱོད་ཚུལ་སྒྱུར་བ་དང་གདོང་མཆོང་ཕོད་པར་བྱས་ནས། བྱ་བའི་ཚན་རིག་རང་བཞིན་དང་ཕན་མཐོ་རང་བཞིན། ཡུན་ཕན་རང་བཞིན་བཅས་མཐོར་འདེགས་དགོས། བསླབ་བསྡུར་སྙེག་བརྒལ་ཁྲོད་སྤྱོད་ཚུལ་སྒྱུར་བ་དང་གདོང་མཆོང་ཕོད་པར་བྱས་ནས། སྔར་ལས་མཐོངས་རྒྱ་ཡངས་པོ་དང་ཚད་གཞི་མཐོན་པོ། ཤུགས་ཚད་ཆེན་པོས་བྱ་བར་སྐུལ་སྤེལ་བྱེད་དགོས། ནུས་རྩལ་མཐོར་འདེགས་ཁྲོད་སྤྱོད་ཚུལ་སྒྱུར་བ་དང་གདོང་མཆོང་ཕོད་པར་བྱས་ནས། འགག་སྒྲོལ་དཀའ་སེལ་གྱི་བཅོས་སྒྱུར་འདུ་ཤེས་དང་། ཆུ་སྣ་ཁྲི་མ་འབུམ་བསྡུ་བའི་གུ་ཡངས་འདུ་ཤེས། སྔོན་སྐྱོད་ཕོད་པའི་གསར་གཏོད་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་དགོས། 

ཝུའུ་ཞའོ་ཅུན་གྱིས་རྩ་ལག་མཉམ་བཅོས་ལ་མཐོང་ཆེན་བྱེད་པ་དང་། སྤྱོད་ཚུལ་སྒྱུར་བ་དང་གདོང་མཆོང་ཕོད་པའི་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྟོབས་ཤུགས་ཡོད་དགུས་སྐུལ་འདེད་གཏོང་དགོས་ལ། ས་ཁུལ་སོ་སོའི་སྡེ་ཁག་སོ་སོས་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ངེས་པ་དོན་གྱིས་ཤུགས་སྣོན་པ་དང་། ནན་འཛིན་དངོས་གཉེར་རྒྱུན་འཁྱོངས་བྱེད་པ། དཔེ་སྟོན་སྐུལ་ཁྲིད་ཇེ་དྲག་ཏུ་གཏོང་བ། གནད་དོན་འཚོལ་བར་ནན་མོ་བྱེད་དགོས་ལ། ཚད་བསྡུར་དག་ཐེར་ལེགས་བཅོས་གནད་ལ་འཁེལ་དགོས་པ། ལེགས་པར་བྱ་དགའ་དང་ཞན་པར་ཆད་གཅོད་སྙོམ་དགོས་པ། བརྟན་ཐོག་ཡར་འཕེལ་དངོས་ཐོག་ཡིན་དགོས་ཤིང་། སྔར་ལས་ཚད་གཞི་མཐོ་བ་དང་། བྱེད་ཐབས་ནན་པ། བྱེད་ཤུགས་ཆེན་པོས་སྤྱོད་ཚུལ་སྒྱུར་བ་དང་གདོང་མཆོང་ཕོད་པར་བྱེད་པ། རྟག་སྦྱོར་གྱི་བརྩོན་པ་བསྟེན་པ་དང་ཡུན་རིང་ལ་བྱས་རྗེས་འཇོག་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་མུ་མཐུད་དུ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བཏང་སྟེ། འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་ཞུ་དགོས། 

ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་གིས་ཚོགས་འདུར་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་དབྱང་ཧྥིན་ཁྲིན། ལིའུ་ཐའོ། དབྱང་ཀྲི་ཝུན། ལི་ཧུང་ཡ་བཅས་ཚོགས་འདུར་ཞུགས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།