ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཐའོ་ཡིས་མུ་རིའི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་ཆར་བར་མ་མཛེམ་པར་མུ་རིའི་གཏེར་ཁུལ་གྱི་ཅུས་ཧུའུ་ཀིན་ཨང་རྟགས3པ་དང་། 5པ། 8པ། 9པ། ཁྲོན་པ་ཨང་རྟགས7པ་བཅས་ལ་རྟོག་ཞིབ་བྱས་ཤིང་། ཡུལ་དངོས་ནས་སླར་གསོ་ཁུལ་གྱི་སྐྱེ་དངོས་གསབ་འདེབས་གསབ་འཛུགས་དང་། གནས་སྐབས་ཀྱི་འཛུགས་སྐྲུན་ཁང་བ་བཤིག་པ་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས་ཤིང་། ཕན་འབྲས་མཐོར་འདེགས་སྲ་བརྟན་དང་དུས་ཚོད་ལ་དམིགས་པ། བྱ་བ་དོན་འཁྱོལ་ནན་འཛིན་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ལོ་ཧྲིལ་བོའི་བཅོས་སྐྱོང་ལས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་བསྟན། 

ལིག་ཐའོ་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་ལེན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“དམ་ལྷོད་མི་བྱེད་པར་མཐའ་གཅིག་ཏུ་དམ་འཛིན་བྱེད་པའི”བླང་བྱ་གལ་ཆེན་ལག་ལེན་དོན་འཁྱོལ་དང་། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་གྲུབ་འབྲས་སྲ་བརྟན་མཐོད་འདེགས་དང་། ཡུན་ཕན་དམ་འཛིན་བྱ་བ་ལེགས་པོར་སྒྲུབ་དགོས། ཁོངས་གཏོགས་དོ་དམ་སྲུང་སྐྱོང་འགན་འཁྲི་གཟབ་ནན་དང་ལྕགས་རྭ་བསྐོར་ནས་ཕྱུགས་འགོག་དང་། མེ་འགོག་སོགས་དོ་དམ་བྱེད་ཐབས་ཤུགས་དྲག་ཏུ་བཏང་ནས། ལག་རྩལ་མཛུབ་སྟོན་ལ་ཤུགས་བསྣན་ཏེ། སྐོར་ཞིབ་ཚད་ལྡན་དུ་གཏོང་བ་དང་དུས་ཐོག་ཏུ“ཕྱིར་བལྟ་བའི”མི་འདང་ས་ཁ་གསབ་བྱས་ནས། འདེབས་འཛུགས་ལེགས་པོ་དང་སྐྱེས་ཚུལ་བཟང་བ། དོ་དམ་ལེགས་པ་བཅས་ཡོང་བར་ཁག་ཐེག་བྱེད་དགོས། ཁྲིམས་ལྟར་མགྱོགས་མྱུར་ངང་ཁང་བ་བཤིགས་པའི་ཐག་གཅོད་བྱ་བར་སྐུལ་འདེད་བཏང་སྟེ། བཤིག་འོས་པ་གང་ནུས་ཀྱིས་བཤིག་པར་ཁག་ཐེག་བྱེད་པ་དང་། དོ་དམ་སྲུང་སྐྱོང་བྱེད་དགོས་པའི་ཆ་ལ་གཙོ་གཞིར་སྲུང་སྐྱོང་བྱེད་པ། དོ་དམ་སྲུང་སྐྱོང་བྱེད་ཐབས་དོན་འཁྱོལ་བཅས་བྱས་ནས་མུ་མཐུད་དུ་བྱེད་ནུས་འདོན་སྤེལ་བྱེད་པར་ཁག་ཐེག་བྱེད་དགོས། ཞོད་དུས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་དམ་ལྷོད་མི་བྱེད་པར་བདེ་འཇགས་ཐོན་སྐྱེད་འགན་འཁྲི་གཟབ་ནན་དུ་བཏང་སྟེ། གཙོ་གནད་ལ་དམིགས་པ་དང་ཁྱོན་ཡོངས་ནས་ཉེན་ཁར་རྩད་ཞིབ་བྱས་ཏེ། ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་བདེ་འཇགས་འགན་སྲུང་མཁོ་འདོན་བྱེད་དགོས་ཞེས་བསྟན། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།