ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི20ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་མཛད་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བཞི་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞི་ཅིན་ཕིང་གི《“ཞིང་གསུམ”བྱ་བའི་རྣམ་བཤད》དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་རྒྱལ་ཡོངས་ནས་སློབ་སྦྱོང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་པ་དང་། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་ཤིང་། འབྲེལ་ཡོད་བྱ་བའི་སྙན་ཞུ་ལ་མཉན་ནས། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། 

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བཞི་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་ནི། ཐུགས་འདུན་རྒྱ་ཆེ་བ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པས། སྟོབས་ཆེ་བའི་ཆབ་སྲིད་རང་བཞིན་དང་ཁ་གཏད་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ལྡན་ཞིང་། ང་ཚོས་རུལ་སུངས་བྱེད་མི་ཕོད་པ་དང་། མི་ནུས་པ། མི་འདོད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེའི་བཟོ་སྐྲུན་གསར་པར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། རང་ཉིད་གསར་བརྗེ་ལ་བརྟེན་ནས་ལོ་རྒྱུས་དར་རྒུད་ཀྱི་ཆོས་ཉིད་ལས་བརྒལ་བའི་བརྒྱུད་ལམ་གལ་ཆེན་ལ་ཡང་དག་པར་གདེང་ཐོན་པར་བྱེད་པ་དང་། དེའི་ཁྲོད་ལོ་རྒྱུས་རིགས་ལམ་ལ་གོ་བ་གཏིང་ཟབ་མོ་བླངས་ནས། ཏང་གི་རང་ཉིད་གསར་བརྗེ་ཡི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་དགོས། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཁྲོད་ལག་ལེན་ལས་བྱུང་བ་དང་ལག་ལེན་ལ་སྣེ་ཁྲིད་པའི་ཉམས་མྱོང་གལ་ཆེན་སེམས་ཞིབ་མོས་མྱོང་རྟོགས་བྱས་ཏེ། སྒྲིག་ལམ་ཞིབ་བཤེར་ལྟ་རྟོག་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་འགན་ཁུར་ལྗིད་ལ་བགྲོད་ལམ་རིང་བས་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ངོས་འཛིན་ཡང་དག་བྱེད་པ་དང་། གཟབ་ནན་གྱི་གཞི་གདངས་གཅོ་བོ་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱས་ཏེ། སྲོལ་ལེགས་སྒྲིག་དམ་གྱི་རུལ་སུངས་ལ་རྒོལ་བའི་འཐབ་ཇུས་ངེས་ཤུགས་རྒྱུན་སྲུང་བྱེད་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། མི་ནུས་པ། མི་འདོད་པ་གསུམ་གཞི་གཅིག་ཅན་དུ་མཐུད་སྦྲེལ་འདྲེས་སྦྱོར་གྱི་ནུས་ལྡན་ཐེག་གཟུགས་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། རེས་སྐོར་ཡོངས་ཀྱི་དོ་དམ་དངོས་འབེབས་བྱས་ཏེ། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་ཡུན་རིང་དམག་འཐབ་ལས་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས། ཏང་ནན་གྱིས་སྐྱོང་བའི་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ལ་ལེགས་པར་ཁུར་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་དང་། རང་བབ་ཀྱི་འགན་འཁྲི། ཕྱོགས་ཡོངས་ཀྱི་འགན་འཁྲི་བཅས་དུས་དང་རྣམ་པ་ཀུན་ཏུ་ཡིད་ལ་དམ་པོར་བཟུང་ནས། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་རྟག་བརྟན་འགྱུར་མེད་ཀྱིས་གཏིང་ཟབ་སར་སྐུལ་འདེད་གཏོང་དགོས། །

ཚོགས་ཐོག་ནས《མཚོ་སྔོན་ཞིང་ཆེན་བུ་སྐྱེས་སྲིད་ཇུས་ལེགས་སྒྱུར་བྱས་ནས་མི་གྲངས་ཡུན་རིང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》ལ་རྩ་དོན་ཐོག་གྲོས་འཆམ་བྱུང་། མི་གྲངས་གནད་དོན་ནི་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་དང་འབྲེལ་བའི་རྨང་གཞི་རང་བཞིན་དང་སྤྱི་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་གྱི་གནད་དོན་ཡིན་པས། འཐབ་ཇུས་ཞིབ་འཇུག་གཏི་ཟབ་ཏུ་སྤེལ་བ་དང་། སྲིད་ཇུས་མ་ལག་ལེགས་སྒྱུར་བྱེད་པ། དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་གཏན་འབེབས་ཀྱི་གནད་འཁེལ་རང་བཞིན་དང་སྔོན་དཔག་རང་བཞིན། བེད་སྤྱོད་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་བ། བུ་སྐྱེས་པ་དང་གསོ་སྐྱོང་། སློབ་གསོ་བཅས་ཀྱི་འགྲོ་སྒོ་ཇེ་དམར་བཏང་ནས། མི་གྲངས་ཀྱི་ཁེ་བཟང་ཚད་གཞི་ཆེས་ཆེར་གྱིས་གློད་དགོས། 

ཚོགས་ཐོག་ནས། 2021ལོའི་དམིགས་འབེན་ལས་འགན(བྱས་འབྲས)དཔྱད་ཞིབ་མཇུག་འབྲས་དང2022ལོའི་དཔྱད་ཞིབ་དམིགས་ཚད་དག་སྒྲིག་ལེགས་བཅོས་བྱེད་པའི་གྲོས་གཞི་སྐོར་གྱི་སྙན་ཞུ་ལ་མཉན་ཅིང་། བྱ་བའི་གཙོ་སྐུད་ལ་གདེང་ཐོན་པར་བྱེད་པ་དང་ནང་དོན་གཙོ་བོ་འབུར་དུ་དོད་པ། དུས་རྒྱུན་གྱི་དཔྱད་ཞིབ་དངོས་འཛིན་བྱེད་པ། གྲུབ་འབྲས་བེད་སྤྱོད་ཇེ་དྲག་ཏུ་གཏོང་བ། དཔྱད་ཞིབ་ཀྱི“ཕྱོགས་སྟོན་བརྡ་རྟགས”དང“བཀོད་འདོམས་དབྱིག་པའི”ནུས་པ་ངེས་པ་དོན་གྱིས་འདོན་པ། བརྟན་ལྷིང་བདེ་ཐང་གི་དཔལ་འབྱོར་ཁོར་ཡུག་དང་རྒྱལ་བདེ་དམངས་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག སྲོལ་གཙང་ཉམས་བཟང་གི་ཆབ་སྲིད་ཁོར་ཡུག་བཅས་མུ་མཐུད་དུ་རྒྱུན་བསྐྱངས་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་ཞུ་དགོས་པའི་བླང་བྱ་བཏོན།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།