ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སུམ་མདོ་བོད་རིགས་ཞང་རྟ་ར་སྡེ་བའི་སྒོག་སོན་ལ་ལོ་ལེགས་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

b4489c8d057cbff2ad86e6caf969565.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སུམ་མདོ་བོད་རིགས་ཞང་རྟ་ར་སྡེ་བའི་སྒོག་སོན་ལ་ལོ་ལེགས་བྱུང་ཞིང་། ཟླ6པའི་ཚེས19ཉིན། སྒོག་འདེབས་ཞིང་པ་རྣམས་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་མྱུ་གུ་བཏོག་པ་དང་བཀྲུ་བ། བསྡམས་པ། དབོར་འདྲེན། ལྗིད་ཚད་འཇལ་བ། རྩིས་རྒྱག་པ། རླངས་འཁོར་ནང་འཇོག་པ་བཅས་ཀྱི་ལས་ལ་བྲེལ་བཞིན་ཡོད། ཧུའུ་ཀྲུའུ་རྫོང་སྔོ་ཚལ་ལག་རྩལ་ཞབས་ཞུ་ལྟེ་གནས་ཀྱི་ཏང་ཀྲི་པུའུ་དང་མ་ཡིང་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་སྤེལ་བའི“ཏང་ཀྲི་པུའུ་ཡིས་མཉམ་སྐྲུན་བྱས་ཏེ་ཏང་ཡོན་ལ་སྐུལ་ཁྲིད་བྱེད་པ་དང་། མཉམ་དུ་གྲོང་གསེབ་དར་སྤེལ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ”དང“ཞིང་བས་དགའ་སྤྲོའི་ངང་ལོ་ལེགས་བསྡུས་ནས་ཚོགས་ཆེན་ཉི་ཤུ་པར་བསུ་བ་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས་ཏང་འཛུགས་སྐྱོང་གི་མནའ་འབྲེལ་བྱེད་སྒོ་སྤེལ་བས། ཡུལ་མི་རྣམས་ཧ་ཅང་དགའ་སྤྲོ་སྐྱེས་བཞིན་ཡོད། ད་ལོ་ནས་བཟུང་། ཧུའུ་ཀྲུའུ་རྫོང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེན་དུ་གཏོང་རྒྱུ་དེ་ཞིང་པའི་ཡོང་འབབ་ཇེ་མང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། སྐྱེ་ཁམས་ཁོར་ཡུག་བཟང་པོ་གང་ལེགས་སྤྱད་དེ། མུའུ་བརྒྱའི(སྤྱི་ཆིང་6.67)སྒོག་སོན་འདེབས་འཛུགས་རྟེན་གཞི13བཙུགས་ནས། “སྒོག་སོན་དཔལ་འབྱོར”སྔར་ལས་རྒྱ་ཆེར་བཏང་སྟེ“ཚོན་མདོག་རྣམ་པར་བཀྲ་བའི་ཞིང་ལས”ཀྱི་མིང་བྱང་སྐྲུན་ཡོད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།