ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེ​ན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་སྟོབས་ཤུགས་ཡོད་རྒུས་ལས་ཤོར་ཉེན་སྲུང་ལ་སྐུལ་འདེད་བཏང་ནས་ཁེ་ལས་ཀྱི་དཀའ་ཁག་སེལ་བའི་སྲིད་ཇུས་གནད་ཁེལ་དོན་འཁྱོལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་བ་དང་། ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་མི་དམངས་སྲིད་གཞུང་གི་དཔལ་འབྱོར་སྲིད་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་ཆེད། ཟླ6པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་དང་ཟི་ལིང་སྤྱི་སྤྱོད་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་སི་སོགས་རིམས་ནད་ཤུགས་རྐྱེན་ཐེབས་པའི་ཁེ་ལས་སུ་སོང་ནས། ལས་ཤོར་ཉེན་སྲུང་གི་དཀའ་ཁག་སེལ་རོགས་ཀྱི་སྲིད་ཇུས་དྲིལ་སྒྲོག་བྱས་ཏེ། ལས་ཤོར་ཉེན་སྲུང་གི“ཕྱིར་སྤྲོད་པ་དང་ཕྱི་འགྱངས་བྱེད་པ། མར་ཕབ་པ།ཁ་གསབ་པ། རྒྱ་བསྐྱེད་པ”སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ། ཚོང་རའི་གསོན་ཤུགས་སྲུང་སྐྱོང་དང་དར་སྤེལ་བྱས་ནས། ཁེ་ལས་དཀའ་ཁག་ལས་བརྒལ་བར་རོགས་འདེགས་བྱས། 

ཉེ་ཆར། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལས་ཤོར་ཉེན་སྲུང་གི་ལས་གནས་གཏན་འཇགས་དང་རྩལ་ནུས་མཐོར་འདེགས་ཀྱིས་ལས་ཤོར་འགོག་པ་སོགས་ཀྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན། དེའི་ཁྲོད་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ལ་ལས་ཤོར་ཉེན་སྲུང་གི་ལས་གནས་གཏན་འཇགས་ཀྱི་མ་དངུལ་ཕྱིར་སྤྲོད་པའི་སྲིད་ཇུས་དང་། དཀའ་ངལ་ཡོད་པའི་ལས་རིགས22དང་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ཐོན་སྐྱེད་ཚོང་གཉེར་ཁྲོད་གནས་སྐབས་ཀྱི་དཀའ་ཁག་དང་འཕྲད་པའི་ཁེ་ལས་འབྲིང་ཆུང་། ལས་ཁུངས་ཀྱི་རྣམ་པའི་འགན་སྲུང་ཁྲོད་ཞུགས་པའི་བཟོ་ཚོང་ཚོང་བའི་དུས་སྐབས་རང་བཞིན་གྱི་རྒན་གསོ་དང་ལས་ཤོར། ལས་སྒྲུབ་རྨས་སྐྱོན་གྱི་ཉེན་སྲུང་འགྲོ་གྲོན་དུས་འགྱངས་བྱས་ནས་སྤྲོད་པའི་སྲིད་ཇུས། དུས་སྐབས་རང་བཞིན་གྱི་ལས་ཤོར་དང་ལས་སྒྲུབ་ཉེན་སྲུང་འགྲོ་གྲོན་ཚད་གཞིའི་སྲིད་ཇུས་འགོར་འགྱངས་ལག་བསྟར་དུས་ཡུན2023ལོའི་ཟླ4བའི་ཚེས30ཉིན་བར་ཕྱི་འགྱངས་བྱེད་པའི་སྲིད་ཇུས། བཟའ་བཏུང་དང་ཕྱིར་འཚོང་། གནས་སྐོར། དམངས་སྤྱོད་མཁའ་འགྲུལ། གཞུང་ལམ་དང་ཆུ་ལམ། ལྕགས་ལམ་སྐྱེལ་འདྲེན་ལས་རིགས་བཅས་ཁེ་ལས5ལ་དོན་དངོས་ལྟར་འགན་སྲུང་ཁྲོད་ཞུགས་པའི་ལས་བཟོ་བ་མི་རེར་སྒོར500ཡི་ཚད་གཞི་ལྟར་ཐེངས་གཅིག་རང་བཞིན་གྱི་གསོ་སྦྱོང་ཁ་གསབ་སྟེར་བའི་སྲིད་ཇུས། ཁེ་ལས་ཀྱིས་མཐར་ཕྱིན་ལོར་མཐོ་རིམ་མཐར་ཕྱིན་སློབ་མ་བསྡུ་ལེན་བྱེད་པ་དང་ངལ་རྩོལ་གན་རྒྱར་མིང་རྟགས་འགོད་པ་མ་ཟད་ལས་ཤོར་ཉེན་སྲུང་ཁྲོད་ཞུགས་པར་མི་རེར་སྒོར1500ཡི་ཚད་གཞི་ལྟར་ཁེ་ལས་ལ་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་བསྐྱེད་ཁ་གསབ་སྟེར་བའི་སྲིད་ཇུས་སོགས་འདུ། 

ད་ལྟའི་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས“རེ་ཞུ་མེད་པར་མྱོང་རོལ་བྱེད་པའི”རྣམ་པས་ཁེ་ལས9642ལ་ལས་གནས་གཏན་འཇགས་མ་དངུལ་སྒོར་དུང་ཕྱུར1.68བྱིན་ནས། ལས་བཟོ་བའི་ལས་གནས་ཁྲི34.16གཏན་འཇགས་སུ་བཏང་ལ། དེས་ཁེ་ལས་ཀྱི་ལས་གནས་གཏན་འཇགས་ཐོན་སྐྱེད་སླར་གསོར་དོན་དངོས་ཀྱིས་རོགས་འདེགས་བྱས། ཁེ་ལས510ཡི་རྒན་གསོ་དང་ལས་ཤོར། ལས་སྒྲུབ་རྨས་སྐྱོན་གྱི་ཉེན་སྲུང་འགྲོ་གྲོན་སྒོར་ཁྲི5780དུས་འགྱངས་བྱས་ནས་སྤྲད་པ་དང་། དུས་མཚམས་རང་བཞིན་གྱིས་སྒོ་ནས་ལས་ཤོར་དང་ལས་སྒྲུབ་རྨས་སྐྱོན་ཉེན་སྲུང་འགྲོ་གྲོན་ཇེ་ཡང་དུ་གཏོང་བའི་སྲིད་ཇུས་ཀྱིས་ཁེ་ལས་ཀྱི་ཁུར་བོ་སྒོར་དུང་ཕྱུར3.74ཇེ་ཡང་དུ་བཏང་། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།