ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཧོང་ཡ་མཚོ་སྔོན་ཞིང་ཆེན་འཕྲིན་བཅར་ཅུའུ་ལ་སོང་ནས་འཕྲིན་བཅར་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིས་ཧོང་ཡ་ཞིང་ཆེན་འཕྲིན་བཅར་ཅུའུ་ལ་སོང་ནས་འཕྲིན་བཅར་བྱ་བར་རྟོག་ཞིབ་བྱས་པ་དང་། ཡུལ་དངོས་ནས་འཕྲིན་བཅར་མང་ཚོགས་ལ་སྣེ་ལེན་བྱས་པར་མ་ཟད། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པ་དང་། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་མང་ཚོགས་ཀྱི་དཀའ་ཁག་སེལ་བ་དང་ཏང་གི་སེམས་ཁྲལ་ཁུར་དུ་ལེན་པའི་ཆབ་སྲིད་འགན་འཁྲི་དང་ལེན་བཟང་བོ་བྱས་ནས། འཕྲིན་བཅར་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

ལིས་ཧོང་ཡ་ཡིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་ཇེ་བརྟན་དུ་བཏང་སྟེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་བཟང་བོ་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། བསམ་བློ་དང་འགུལ་སྐྱོད་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དང་གཅིག་གྱུར་བྱེད་པ། བློ་ཐག་རྦད་ཆོད་སྒོས་བརྟན་ཚུགས་གཉིས་ལ་བརྩི་འཇོག་གང་ལེགས་བྱེད་པ་དང་ལྷག་བསམ་རྣམ་དག་སྒོས་སྲུང་སྐྱོབ་གཉིས་ལག་ལེན་བཟང་བོ་བྱེད་དགོས། རྒྱུན་མཐུད་སྒོས་འཕྲིན་བཅར་བྱ་བའི་སྲོལ་ཡིག་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དང་དངོས་འབེབས་བྱ་བ་དམ་འཛིན་བྱས་ནས། ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་བྱ་བ་དུས་དང་རྣམ་པ་ཀུན་ཏུ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཁྲིམས་སྐྱོང་བགྲོད་ལམ་དུ་འཁོར་སྐྱོད་བྱེད་དགོས། ལམ་ལུགས་རྐྱེན་སྲོལ་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་ཞིང་བྱ་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། བྱ་བའི་འགན་འཁྲི་དང་ལེན་བཟང་བོ་བྱེད་པ། དངོས་འབེབས་བྱ་བ་དམ་འཛིན་བྱེད་པ། ཧུར་ཐག་སྒོས་ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་བྱ་བ་བཟང་བོ་བསྒྲུབ་ནས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

འཕྲིན་བཅར་ཁང་དུ་ལིས་ཧོང་ཡ་ཡིས་དོན་དག་བཤད་པར་ཡོང་བའི་མང་ཚོགས་ལ་སྣེ་ལེན་བྱས་ཏེ་ཁོ་ཚོས་བཏོན་པའི་རེ་བ་ལ་ཉན་པ་དང་། གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་ཐབས་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།