ཀྲུང་གོ་བོད་ཀྱི་དྲ་བ།

ཉི་འོད་དང་བརྩེ་སེམས་ཀྱིས་ཕྱུག་པའི་ས་གཞིའི་སྟེང་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

0c483bed-1971-476b-b67f-25ca1aabc1be.jpg

བྱིས་པའི་བསམ་བློ་ཏང་ལ་ཕྱོགས་ཏེ་དུས་རབས་གསར་པའི་ན་གཞོན་ལེགས་པོ་ཞིག་བྱེད་པར་བརྩོན་ལེན་བྱེད་དགོས།

53dd354f-95e0-482d-9b8c-bca9e7d7a975.jpg

རྣམ་སྲས་གྲོག་རོང་ཆེན་མོའི་རི་དྭགས་གསའ། 

25ea6a9b-306e-4f9c-9f2e-326cab3d9237.jpg

བརྩེ་སེམས་བཅངས་ནས་སྡོང་བོ་རེ་རེ་བཙུགས།

c0b26f32-e952-4e6b-b053-9cee7f09ffdc.jpg

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཡུས་ཧྲུའུ་པ་རེ་རེའི་སེམས་ན་ཡོད།

ལོ12སྔོན་གྱི་ཟླ4བའི་ཚེས14ཉིན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ལ་ས་ཡོམ་རིམ་པ7.1བྱུང་།

ལོ12འགོར་རྗེས་གསར་དུ་སྐྲུན་པའི་ཡུས་ཧྲུའུ་ཡི་ས་གཞི་ཆེན་མོའི་སྟེང་། སེམས་འགུལ་ཐེབས་པ་དང་སྤོབས་པས་རི་ཀླུང་སྒུལ་བར་བྱེད་པའི་རྣམ་པ་བཟང་པོ་ཞིག་མཐོང་། 

ཡུས་ཧྲུའུ་ལ་སྤྱི་ཁྱབ་ཧྲུའུ་ཅིས་དུས་ཡུན་རིང་བོར་སེམས་ཁྲལ་ཆེན་པོ་གནང་བཞིན་ཡོད། 2016ལོའི་ཟླ8པར་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་དུ་གཟིགས་ཞིབ་གནང་ནས་ཡུས་ཧྲུའུ་ཡི“འཕེལ་རྒྱས་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པའི”རེ་འདུན་བཏོན།

2021ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས“ཡུས་ཧྲུའུ་ལ་ངས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད།ཡུས་ཧྲུའུ་ཡི་གནོད་ཤུལ་བསྐྱར་སྐྲུན་ལ་དོ་ཁུར་བྱས་ནས་ཡུས་ཧྲུའུ་ཡི་འཕེལ་རྒྱས་ལ་དགའ་སྤྲོ་སྐྱེས་པ་ཡིན། ཁྱེད་ཚོས་ཡུལ་བབ་དང་བསྟུན་ནས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས།དམངས་འཚོ་ལེགས་བཅོས་བཅས་གཅིག་གྱུར་བྱས་ནས། ལམ་བུ་དེའི་སྟེང་མུ་མཐུད་དུ་བསྐྱོད་རྒྱུ་ནི་ངའི་རེ་བ་ཡིན”ཞེས་གསུང་བ་རེད། 

ད་ལྟ་ཡུས་ཧྲུའུ་གསར་པའི་འདམ་རྫབ་ཀྱི་མཁའ་དབུགས་འབྱིན་བཞིན། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་རོལ་མྱོང་བྱས་ཏེ། རི་ཀླུང་ལ་སླར་ཡང་སྐྱེ་སྟོབས་འཕེལ་བཞིན་ཡོད། ལོ་ངོ12རིང་འབད་འབུངས་ཡར་བརྩོན་བྱས་པ་དང་། ལོ་ངོ12རིང་ཡོམ་འགོག་གེགས་སེལ་ནས་གནོད་ཤུལ་བསྐྱར་སྐྲུན་བར་དང་། སྲ་བརྟན་དང་རིམ་སྤོར་ནས་ལྗང་མདོག་འཕེལ་རྒྱས་བར། “ཏན་ཏིག་བཞིའི”བླང་བྱ་གལ་ཆེན་ནས“ལྔ་བཞིའི་འཐབ་ཇུས”དང“དམིགས་བསལ་གཅིག་དང་མཐོ་བ་གཉིས”བར་བཅས་ཚང་མར་ཏང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཆེན་པོ་གཅིག་ཏུ་བསྡུས་ཡོད། བགྲོད་ལམ་གསར་པར་འབད་པས་བསྐྱོད། དུས་རབས་གསར་པར་བྱས་རྗེས་འཇོག ཉི་འོད་དང་གཅེས་སེམས་ཀྱིས་ཁེབས་བའི་ས་གཞི་ཆེན་མོའི་སྟེང་ཡུས་ཧྲུའུ་ཡི་བུ་ཕྲུག་ཁྲི42.5ཡིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་མུ་མཐུད་སུ་སྤུས་ཚད་མཐོ་བའི་ཡུས་ཧྲུའུ་ཡི་ལེའུ་རྩོམ་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།