ཀྲུང་གོ་བོད་ཀྱི་དྲ་བ།

​མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས“དམ་འབྲེལ”བཞི་ཡིས་ནོར་སྲིད་མཉམ་འབྲེལ་ལ་ཤུགས་བསྣན་ནས་ཚོང་རའི་འཕེལ་རྒྱས་ལ་རམ་འདེགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་ཤེས་གསལ་ལྟར་ན། ཏན་ཏིག་གིས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་། ནོར་སྲིད་པུའུ་ཡི་བྱ་བའི་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱེད་པ་དང་། ནོར་སྲིད་སྲིད་ཇུས་ཀྱི་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་བྱ་ཆེད། ཞིང་ཆེན་ནོར་སྲིད་ཐིང་གིས་སྲིད་གཞུང་རང་བཞིན་གྱི་མ་དངུལ་མཉམ་འདྲེས་ཡིད་རྟོན་འཕར་བ་དང་། ལས་གཉེར་གསར་སྐྲུན་གྱི་ཡིད་རྟོན་བསྐྱི་དངུལ་ལ་འགན་སྲུང་བྱེད་པ། དངུལ་རྩའི་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་འཕེལ་རྒྱས་སུ་གཏོང་བ། ཞིང་ལས་ཉེན་སྲུང་འགན་སྲུང་སོགས་ཕྱོགས4ལ་ཤུགས་བཏོན་ནས། དངུལ་རྩའི་ཐོན་ཁུངས་ཀྱིས་ཚོང་རའི་དཀའ་ཁག་སེལ་ནས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས།

ཞིང་ཆེན་ནོར་སྲིད་ཐིང་གིས་ཞིང་ཆེན་ཡིད་རྟོན་འགན་སྲུང་སྡེ་ཚོགས་ཀྱིས་གཏའ་འཇོག་ལས་གཉེར་གཞི་ཁྱོན་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། གཏའ་འཇོག་འགྲོ་གྲོན་ཚད་གཞི་ཇེ་དམའ་རུ་བཏང་ནས། ཞིང་ཆེན་མ་དངུལ་མཉམ་འདྲེས་གཏའ་འཇོག་ཀུང་སི་དང་རྒྱལ་ཁབ་མ་དངུལ་མཉམ་འདྲེེས་ཐེབས་རྩ་མཉམ་ལས་ཤུགས་དྲག་ཏུ་བཏང་ནས། ས་གནས་ལས་གཉེར་རྒྱ་བསྐྱེད་དང་ཉེན་ཁ་འགོག་སྲུང་ནུས་ཤུགས་མཐོར་འདེགས་སུ་གཏོང་བ་དང་། རིམ་པ་སོ་སོའི་སྒྲིག་འཛུགས་འཐུས་ཚང་དང་། རྒྱུགས་འབྲས་ཕན་ནུས་དཔྱད་འཇོག་འབྲས་བུར་འབྲེལ་བའི་མ་རྩའི་འགུལ་རྣམ་ཁ་གསབ་དང་། འགན་སྲུང་ཁ་གསབ། ཉེན་ཁའི་ཁ་གསབ་སྲིད་ཇུས་མ་ལག་སྐུལ་འདེད་བཏང་སྟེ། འགྲིམ་འགྲུལ་སྐྱེལ་འདྲེན་དང་བཟའ་བཏུང་། ཞག་འདུག གནས་སྐོར་སོགས་ལས་རིགས་ཀྱི་མ་དངུལ་མཉམ་འདྲེས་གཏའ་འཇོག་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་བཏང་ནས། ས་གནས་ཚོང་རའི་མ་དངུལ་མཉམ་འདྲེས་གཏའ་འཇོག་དགོས་མཁོར་ཞབས་ཞུ་སྒྲུབ། རིམས་ནད་ཀྱི་ཤུགས་རྐྱེན་ཅུང་ཆེ་བའི་ལས་རིགས་ཀྱི་ཁེ་ལས་ཆུང་བ་དང་། སྒེར་གྱི་བཟོ་ཚོང་ཚོང་བའི་སྲིད་ཇུས་རོགས་སྐྱོར་ཆེ་རུ་བཏང་ནས། ཞིབ་བཤེར་འགྲོ་ལུགས་སྟབས་བདེ་ཅན་དུ་གཏོང་བ་དང་།ལས་སྒྲུབ་གོ་རིམ་ཇེ་ལེགས་སུ་བཏང་ནས། སྲིད་ཇུས་ཞིབ་ཚགས་དང་། དོན་འཁྱོལ། སྒོས་སུ་ཆ་རྐྱེན་དང་མཐུན་པའི་ཚོང་གཉེར་གཏན་འཇགས་ཀྱི་ཡིད་རྟོན་ལས་གཉེར་གསར་སྐྲུན་མི་སྣ་དང་དམིགས་བསལ་ཚོགས་པར། རྩ་དོན་སྟེང་གཏའ་འཇོག་ལ་རྒོལ་བའི་བླང་བྱ་མེད་པར་བཟོས་ནས།  སྐྱེད་ཀའི་སྲིད་ཇུས་ཀྱིས་ལས་གཉེར་གསར་སྐྲུན་གྱི་བྱེད་ནུས་འདོན་སྤེལ་བྱེད་དགོས།

2022ལོའི་ཚོད་ལྟའི་དཔེ་སྟོན་ཁུལ་ཟི་ལིང་གྲོང་ཁྱེར་ལ་བྱ་དགའི་ཁ་གསབ་རོགས་དངུལ་སྒོར་ཁྲི7500བྱིན་ནས། ནོར་སྲིད་མ་རྩའི་བྱེད་ནུས་འདོན་སྤེལ་དང་། དངུལ་རྩའི་ཞབས་ཞུའི་གྲངས་ཀ་ཇེ་མང་དུ་གཏོང་བ་དང་། རྒྱ་བསྐྱེད། མ་རྩ་ཇེ་དམའ་རུ་གཏོང་བ། ཕན་ནུས་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བཏང་ནས། ཚོང་རའི་དཀའ་ཁག་སེལ་ནས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས། ནོར་སྲིད་ཀྱིས་ཁྱོན་ཞིང་ལས་ཉེན་སྲུང་ཁ་གསབ་སྒོར་དུང་ཕྱུར8.8བཀོད་སྒྲིག་བྱས་པ་དང་། དེས་འགྲོ་གྲོན་སྤྱིའི་འགན་སྲུང་གི85%ཟིན་ལ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་འདེབས་འཛུགས་དང་། གསོ་སྤེལ། ནགས་ལས་རིགས་ཆེན་པོ་གསུམ་གྱི་རིགས་སྣ་གཙོ་བོ19ལ་སྒོར་དུང་ཕྱུར617གྱི་ཉེན་སྲུང་འགན་སྲུང་མཁོ་འདོན་བྱས་པ་མ་ཟད། འབྲུ་རིགས་འདེབས་འཛུགས་ཀྱི་འགན་སྲུང་མ་དངུལ་ས་མུའུ་རེར་སྒོར300ནས་སྒོར400རུ་མཐོ་རུ་ཕྱིན་ནས། རོང་འབྲོག་ཁྱིམ་དང་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་རྩ་འཛུགས་ཀྱི་ཞིང་ཕྱུགས་ལས་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱས།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།